རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན་ནས་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་འཚོགས་འདུ་ཐེངས་13པ་འཚོགས་པ་རེད།
ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། འགན་འཁྲི་འཁུར་སེམས་དང་དགོས་གཏུག་ཆེ་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ།སྤྱོད་ཚུལ་གྱི་འདུ་ཤེས་དང་ལས་ཆོད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་བསྡུས་དང་།དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནས་སྤོ་ལས་དོན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཡེ་ཀྲི་གྲོང་རྡལ་དུ། ལའོ་ཁྲའོ་ཧྥེང་གིས་གནས་སྐབས་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དང་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་ཁང་པའི(དུས་ཐེངས་དང་པོ)རྣམ་གྲངས་སྒྲུབ་ཡུལ་དུ་བསྐྱོད་དེ་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་ལ་ལྟ་ཞིབ་ཞིབ་ཚགས་དང་འཛུགས་སྐྲུན་གྱི་འཕེལ་རིམ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པ་རེད། ཁོང་གིས་ཆུ་དང་གློག ལམ། སོལ་རླངས་སོགས་ཀྱི་བྱེད་ནུས་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱས་ཏེ། ཁག་དང་པོའི་གནས་སྤོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་ཏན་ཏིག་བྱ་དགོས། རྣམ་གྲངས་ཀྱི་འཆར་འགོད་དང་འཛུགས་སྐྲུན་ཐད་གཙོ་གནད་འབུར་ཐོན་དང་ཁག་བགོས་ཀྱིས་ལག་བསྟར་བྱས་ཏེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས། གཏན་འཁེལ་བྱས་པའི་དུས་ཚོད་ནང་རྫོང་གྲོང་གསར་པར་གཞི་རྩའི་ཆ་ནས་འཁོར་སྐྱོད་ཆ་རྐྱེན་འཛོམས་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧྲེང་ཕིང་གྲོང་རྡལ་དུ། ལུའོ་ཁྲའོ་ཧྥེང་གིས་ཁྲོམ་གཞུང་དུ་བསྐྱོད་དེ་རྫོང་གྲོང་རྙིང་པའི་ད་ལྟའི་གནས་ཚུལ་དང་ས་གཤིས་གནོད་འཚེའི་ཉེན་ཁའི་ཁུལ་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུའི་ཐོག་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལག་བསྟར་ཇུས་གཞི་དང་།སྡོད་ཁང་ཚོད་སྐོར།ས་ཆ་བསྡུ་སྤྱོད་དང་བཤིག་སྤོ།སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྙན་ཞུར་གསན་པ་དང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་འཇོལ་རྫོང་གིས་བཏོན་པའི་དཀའ་ངལ་ཡོད་པའི་རེ་ཞུར་རེ་རེ་བཞིན་ལན་བསྐྱོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།འཇོལ་རྫོང་མཁར་ཉེན་གཡོལ་གནས་སྤོ་ལས་དོན་ལ་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་དང་མཐོང་ཆེན་གནང་གི་ཡོད་ཅིང་། ཁུལ་ཡོངས་ཀྱི་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་སྟོབས་ཤུགས་གཅིག་སྡུད་དང་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་།ས་ཆའི་ཁང་པ་བསྡུ་བཤིག་མཇུག་བསྡུའི་ལས་དོན་དང་། ས་ཆའི་ཞོར་གཏོགས་དངོས་པོ་གཙང་བཤེར། ས་ཆ་མཆན་འགོད་སྙན་སེང་དང་།རྣམ་གྲངས་འཛུགས་རྒྱུའི་མཆན་བཀོད་བཀའ་ལན།སུས་འཇོན་དེ་འགུགས། ལས་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ། མ་དངུལ་གཏོང་སྤྲོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བརྒྱུད་རིམ་ལེགས་སུ་བཏང་སྟེ་རིམ་པ་བཞིན་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། འཛུགས་སྐྲུན་ལ་བརྟེན་ནས་སྤོ་རྒྱུར་སྐུལ་འདེད་དང་གནས་སྤོ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་སྣེ་ཁྲིད་དེ་གནས་སྤོ་བྱེད་དགོས། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཡོངས་གནས་སྤོའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་ཁྲིད་བཅས་བྱ་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་གནས་སྤོའི་གྲ་སྒྲིག་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་དང་།ས་ཁུལ་གཞན་དག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་གང་ཐུབ་བྱེད་ནས།སྤྱི་ཚོགས་ཀྱི་མ་རྩ་དེའི་ནང་ཞུགས་པར་འཚོལ་ཞིབ་དང་ནང་འདྲེན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁག་ཐེངས་དབྱེ་ནས་གནས་སྤོ་བྱེད་དེ་གནས་སྤོའི་མང་ཚོགས་ཀྱི་བློ་བདེ་པོ་ཡོང་བ་བྱེད་དགོས། ཕན་ནུས་ཆེ་ཞིང་ཐོགས་མེད་ཡིན་པའི་ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ་དང་།རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་འགུལ་ངང་གོང་རིམ་ལ་སྙན་སེང་ཞུ་བ་དང་།འཕྲེད་ཕྱོགས་སུ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་བྱས་ཏེ།དུས་ཐོག་ཏུ་དཀའ་གནད་དང་འགག་གནད་སེལ་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཟོ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཇོལ་རྫོང་གི་གྲོང་ཁྱེར་ཡུན་རིང་འཕེལ་རྒྱས་གཏོང་རྒྱུའི་རྣམ་གྲངས་དེ་འཆར་འགོད་ནང་བཅུག་ནས། ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་དྲ་བ་ཤར་གཏོང་ལས་གྲྭ་སྔོན་ལ་ཇུས་འགོད་དང་དེར་སྐུལ་འདེད་གཏོང་དགོས།
བརྟག་ཞིབ་གནང་སྐབས། ལུའོ་ཁྲའོ་ཧྥེང་གིས་དབུ་ནུབ་སྟེང་ས་ཁུལ་དུ་ཡུལ་དངོས་སུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། འཇོལ་རྫོང་གི་གྲོང་ཁྱེར་དོ་དམ་ལས་ཀ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན་པ་རེད། ཁོང་གིས་རང་ཉིད་ཀྱི་ཁྱིམ་ཚང་ལ་དོ་དམ་བྱེད་པ་ལྟར་རྫོང་མཁར་ལ་དོ་དམ་བྱེད་དགོས། དབུ་ནུབ་སྟེང་དང་དགོན་པ་སྟེང་ས་ཁུལ་གྱི་འཛུགས་སྐྲུན་རྣམ་པ་ལ་ཚོད་འཛིན་དང་དོ་དམ་བྱེད་ནས། རྫོང་གྲོང་གི་ལས་དོན་ཁག་ལ་དོ་དམ་ཡག་པོ་བྱས་ཏེ་ཡུལ་སྐོར་བ་ལ་གྲོང་ཁྱེར་གྱི་རྣམ་པ་བཟང་པོ་དང་ཁོར་ཡུག་ལེགས་པ་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲེན་ཆུན་དང་མ་ཀུའོ་ཀྲུང་བརྟག་ཞིབ་དུ་ཞུགས།