ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ནན་ཅི་ལུའོ་ཡི་ཚད་ལྡན་དོ་དམ་ལས་དོན་“གཅིག་ཤེས་ཀུན་གྲོལ་”གྱི་ལྡོག་འདྲེན་གནད་དོན་གྱི་སྒྲིག་བཅོས་གནས་ཚུལ་ལ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་22ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཡུན་ལིང་ཤང་ཤེལ་དམ་གྲོང་ཚོ་སྙིང་ནང་གྲོང་མི་ཚོ་ཆུང་དུ་ནན་ཅི་ལུའོ་ཡི་ཚད་ལྡན་དོ་དམ་ལས་དོན་“གཅིག་ཤེས་ཀུན་གྲོལ་”གྱི་ལྡོག་འདྲེན་གནད་དོན་གྱི་སྒྲིག་བཅོས་གནས་ཚུལ་ལ་བརྟག་ཞིབ་གནང་།

    ལུའོ་ཁྲའོ་ཧྥེང་གིས་“གཅིག་ཤེས་ཀུན་གྲོལ་”གྱི་ལྡོག་འདྲེན་གནད་དོན་དང་འབྲེལ་བའི་རྣམ་གྲངས་ཀྱི་ད་ལྟའི་གནས་ཚུལ་ལ་ལྟ་སྟེ།ཞིབ་ཕྲ་ངང་རྣམ་གྲངས་ཀྱི་ལོ་རྒྱུས་འཕེལ་རིམ་དང་མིག་སྔར་སྒྲིག་བཅོས་འཕེལ་རིམ།  གནས་པའི་དཀའ་ཁག་དང་རེ་ཞུ་ལ་རྒྱུས་ལོན་བྱས་པ་མ་ཟད།  ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་འཁུར་པ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ།  མཉམ་དུ་གནད་དོན་དཀའ་ཁག་དབྱེ་ཞིབ་བྱས་ནས།  རིམ་པ་རྗེས་མའི་སྒྲིག་བཅོས་བྱ་ཐབས་དང་ཐག་གཅོད་ཇུས་གཞི་ཞིབ་འཇུག་དང་དཔྱད་བསྡུར་བྱས།

    ལུའོ་ཁྲའོ་ཧྥེང་གིས་སྒྲིག་བཅོས་ལས་དོན་གྱི་དུས་ཚད་ཛ་དྲག་ཆེ་བ་དང་ལས་འགན་དཀའ་ཚེགས་ཆེ་བ།  ངེས་པར་དུ་ཆབ་སྲིད་ཚུགས་གནས་མཐོ་འདེགས་གཏོང་སྟེ།  དངོས་ཐོག་བདེན་འཚོལ་དང་སྤྱོད་ཚུལ་གཟབ་ནན།  སྒྲིག་བཅོས་ནན་ཏན་བཅས་བྱེད་ནས།  ནུས་ཤུགས་ཡོད་རྒུས་“གཙང་གསུམ་མཉམ་རྒྱུག་”གི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་སྐྱེ་ཁམས་སྲུང་ཡུལ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་། 

    ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཨུ་དང་སྲིད་གཞུང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རྣམ་གྲངས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་གསལ་པོ་དང་དཔྱད་དཔོག་བྱེད་པར་ཤུགས་སྣོན་རྒྱག་སྟེ།སྒྲིག་བཅོས་བླང་བྱ་ལྟར་སྒྲིག་བཅོས་ཇུས་གཞི་དང་དུས་ཚོད་རེའུ་མིག་ཞིབ་ཕྲ་བཟོ་དགོས།ཁེ་ལས་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་ལས་གཞོགས་འདེགས་བྱས་པར་ཤུགས་སྣོན་རྒྱག་སྟེ།  ལས་དོན་མཉམ་ཤུགས་ཆགས་ནས།  མཉམ་དུ་གནད་དོན་སྒྲིག་བཅོས་བྱས་པར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ།  ཧུར་ཐག་ངང་ཁེ་ལས་ཀྱི་ཁྲིམས་སྲོལ་ལྟར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས་ཞེས་བླང་བྱ་བཏོན།

    ལུའོ་ཁྲའོ་ཧྥེང་གིས་གཅིག་འགྱུར་ངང་“གཅིག་ཤེས་ཀུན་གྲོལ་”གྱི་གནད་དོན་སྒྲིག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་སྟེ།  “གཙང་གསུམ་མཉམ་རྒྱུག་”གི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་སྟེ།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཞིང་།  མཛེས་ལྗོངས་ཁུལ་གྲགས་ཅན་གྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོ་འདེགས་བཏང་ནས།སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་དང་ལུགས་མཐུན་ངང་གསར་གཏོད་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

    ཁྲེང་ཆུན་དང་མ་ཀུའོ་ཀྲུང་བརྟག་ཞིབ་ནང་ཞུགས།