རྐང་ཐང་མར་འགྲོ་བའི་ལམ་ཐིག་རྩེ་གྲ་ཤྭ་ཁ་རི་བོའི་ལམ་ཐིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན། སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཐོན་ལས་ཚོགས་ཆེན་སྐབས་བཞི་པའི་རྐང་ཐང་མར་འགྲོ་བའི་ལམ་ཐིག་རྩེ་གྲ་ཉམས་ལེན་བྱེད་སྒོ་སྟེ།ཤྭ་ཁ་རི་བོའི་ལམ་ཐིག་འགོ་བརྩམས་པ་རེད།སྟོན་གྱི་དུས་འདིར། ཕྱི་རོལ་གྱི་ལུས་རྩལ་ལ་དགའ་ཞེན་ཡོད་པའི་མི་མང་པོ་ཞིག་གིས་མཐའ་ཡས་པའི་རྩྭ་ཐང་དང་ལྷིང་འཇགས་ཀྱི་ནགས་ཚལ།དེ་མིན་ཀྱག་ཀྱོག་གི་རི་ལམ་དེད་དེ་མདུན་དུ་བསྐྱོད་ནས་འགྲན་སློང་གི་ཡུལ་སྐོར་ཞིག་ལ་ཉམས་སུ་མྱོང་བཞིན་ཡོད། ལམ་བར་དུ་སྔོ་ཞིང་དྭངས་བའི་དགུང་སྔོན་པོ་དང་ཁ་བས་བཀླུབས་པའི་གངས་རི་དཀར་པོ།ཚོན་མདངས་རྣམ་པར་བཀྲ་བའི་སྟོན་གྱི་རང་མདངས་སོགས་ཀྱིས་བརྗིད་ཆགས་ཉམས་ལྡན་གྱི་རི་མོ་ཞིག་ཏུ་གྲུབ་ཡོད།གོམ་པ་རེ་རེ་ནི་གངས་ལྗོངས་ཀྱི་ལྐོག་གྱུར་གྱི་མཛེས་ལྗོངས་ཤིག་ཡིན་ལ།འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཡི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱང་མངོན་ཡོད།