རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཞི་ཅིན་ཕིང་གི་རིག་གནས་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡུན་ནན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ཁ་ཕྱོགས་པར་རོགས་སྐྱོར་བྱེད་པ་བཅས་ཀྱི་ཆེད་དུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་བྱས་ནས་ཡུན་ནན་ཞིང་ཆེན་གྱི་མི་རིགས་དམངས་ཁྲོད་གླུ་གར་རོལ་དབྱངས་འགྲེམས་སྟོན་སྐབས་བཅུ་བཞི་པ་སྤེལ་བ་རེད། འགྲེམས་སྟོན་ཐོག་“ཡུན་ནན་ཞིང་ཆེན་གྱི་མི་རིགས་དམངས་ཁྲོད་གླུ་གར་རོལ་དབྱངས་འགྲེམས་སྟོན་བྱ་དགའ་”སྒྲིག་བཀོད་བྱས་ལ། སྲོལ་རྒྱུན་རིགས་ཀྱི་ལེ་ཚན་དང་གསར་གཏོད་རིགས་ཀྱི་ལེ་ཚན་གྱི་གླུ་དང་ཞབས་བྲོ། རོལ་དབྱངས་བཅས་སོ་སོར་བྱ་དགའ་སྤྲད། སྲོལ་རྒྱུན་རིགས་ཀྱི་ལེ་ཚན་དང་གསར་གཏོད་རིགས་ཀྱི་ལེ་ཚན་སོ་སོར་གསེར་གྱི་བྱ་དགའ་དང་དངུལ་གྱི་བྱ་དགའ། ཟངས་ཀྱི་བྱ་དགའ་བཅས་བཀོད་ཡོད། དེ་མིན་བྱ་དགའ་ཆེས་མཐོ་བའི་“རྒྱུན་འཛིན་བྱ་དགའ”དང་རྩ་འཛུགས་བྱ་དགའ་བཀོད་སྒྲིག་བྱས་ཡོད། སྐབས་འདིའི་འགྲེམས་སྟོན་ནང་ལེ་ཚན་གྱི་བསྡོམས་གྲངས་བསྡུར་ཚད་ལྟར་ཆེས་མཐོ་བའི་རྒྱུན་འཛིན་བྱ་དགའ་6དང་གསེར་གྱི་བྱ་དགའ་7 དངུལ་གྱི་བྱ་དགའ་15 ཟངས་ཀྱི་བྱ་དགའ་22བཅས་སྒྲིག་བཀོད་བྱས་ཡོད། ཁྱོན་བསྡོམས་འགྲེམས་སྟོན་རྩ་འཛུགས་བྱ་དགའ་16སྒྲིག་བཀོད་བྱས་ཤིང་། དེའི་ནང་ཕུལ་བྱུང་རྩ་འཛུགས་བྱ་དགའ་5དང་རྩ་འཛུགས་བྱ་དགའ་11ཡོད། བདེ་ཆེན་ཁུལ་སྲོལ་རྒྱུན་རིགས་ཀྱི་ཞབས་བྲོ་ལེ་ཚན་ནང་《ཡང་ཐང་བྲོ་》ལ་“རྒྱུན་འཛིན་བྱ་དགའ་”ཐོབ་པ་དང་རོལ་ཆས་རིགས་ཀྱི་ལེ་ཚན་ནང་《པི་ཝང་》ལ་“གསེར་གྱི་བྱ་དགའ་”ཐོབ། གསར་གཏོད་རིགས་ཀྱི་རོལ་དབྱངས་ལེ་ཚན་ནང་《ལོ་ལེགས་ཀྱི་དགའ་སྤྲོ་》ལ་“ཟངས་ཀྱི་བྱ་དགའ་”ཐོབ། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ལ་“ཕུལ་བྱུང་རྩ་འཛུགས་བྱ་དགའ་”ཐོབ་པ་རེད།
སྤྱི་བསྒྲགས་ནང་དོན་གཤམ་གསལ་ལྟར།