རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས20ཉིན་ནས་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་དོན་ལ་བརྟག་ཞིབ་གནང་སྐབས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་གྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ཞིང་ཨུའི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་དང་།འཆར་འགོད་དང་།འཛུགས་སྐྲུན།དོ་དམ།ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ།གྲོང་ཁྱེར་གྱི་ནང་གནས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་ཉིད་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་གཏོད་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་རྒྱལ་ཐང་གྲོང་རྡལ་ནུའོ་ཤིས་གྲོང་ཚོའི་སྲམ་སྣ་ཚོ་ཆུང་ལྷ་མོ་ལ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་ར་བ་དང་།མེ་འཁོར་བབས་ཚུགས། གྲོང་ཁྱེར་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། གྲོང་ཁྱེར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་ཅུས་བཅས་སུ་ཕེབས་ནས་གྲོང་ཁྱེར་གྱི་བར་མཐོངས་བཀོད་སྒྲིག་དང་།རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད།ཐོན་ལས་ཀྱི་ལས་རྣམ་འཕེལ་རྒྱས་བཅས་ལ་ལྟ་ཞིབ་གནང་བ་དང་འབྲེལ་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་དང་ཐོན་གྲོང་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་མཁྱེན་རྟོགས་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་གྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ།འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་།འཆར་འགོད་ཀྱི་དམིགས་གཏད་རང་བཞིན་དང་།ཚན་རིག་གི་རང་བཞིན།ལག་བསྟར་བྱེད་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏོང་བ་དང་།དུས་བསྟུན་མདུན་སྐྱོད་ཀྱིས་འཆར་འགོད་འཐུས་ཚང་དུ་གཏོང་བ་མ་ཟད་ལག་བསྟར་ནན་པོའང་བྱེད་ནས།ས་ཞིང་མཉམ་འཛིན་མཉམ་འགོག་དང་།མཉམ་བཤེར་མཉམ་ཞིབ་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།“ས་ཆ་འགུལ་ན་འཆར་འགོད་ཡོད་པ་དང་།ས་བཙོང་ན་ཞིབ་མཆན་འགོད་ངེས་ཡིན་པའི་”འགན་ལེན་བྱ་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་གསར་བསྒྱུར་ལ་སྐུལ་འདེད་དང་།“སྦགས་བཙོག་གཉིས”ཀྱི་བཅོས་སྐྱོང་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་པ།སྒྱུར་བཀོད་ཆུང་གྲས་ཀྱི་བྱེད་ཐབས་བརྒྱུད་གྲོང་ཁྱེར་གྱི“ཆད་ལམ་”རིམ་བཞིན་ཤར་གཏོང་བཅས་བྱས་ཏེ།འགྲིམ་འགྲུལ་གལ་ཆེན་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འདི་ཉིད་ཡུན་ནན་དང་སི་ཁྲོན།བོད་ལྗོངས་བཅས་འབྲེལ་མཚམས་ཀྱི་ས་ཁོངས་འགྲིམ་འགྲུལ་ལྟེ་གནས་སུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།ལས་རྣམ་ཟམ་མི་ཆད་པར་ཕུན་སུམ་ཚོགས་པོར་བཏོང་ནས་གྲོང་ཁྱེར་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་། ལྟེ་བའི་གྲོང་ཁྱེར་གྱིས་མཐའ་འཁོར་ཤང་གྲོང་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།བྱེད་སྒོ་དང་།རྣམ་གྲངས།ཚོང་འགུགས་སོགས་ལ་དམིགས་ནས་རྡོ་མཁར་རྫོང་སོགས་ལྟེ་བའི་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་དང་།རྣམ་པ།ཐོན་རྫས་བཅས་གསར་གཏོད་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ་ཡུལ་སྐོར་བའི་རིམ་པ་མང་བའི་དགོས་མཁོ་སྐོང་དགོས། དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་རྒྱུན་འཁྱོངས་དང་།རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་ཇུས་འགོད་དང་སྤུས་རྟགས་དྲིལ་བསྒྲགས་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ།སེམས་ཀྱི་ཉི་ཟླའི་གཏམ་རྒྱུད་མུ་མཐུད་ཡག་པོ་བཤད་དགོས།ཡུལ་སྐོར་ཚོང་རའི་སྒྲིག་ལམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཡུལ་སྐོར་ཞབས་ཞུའི་ཆུ་ཚད་དང་ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཞིབ་ཚགས་ཅན་དུ་འགྱུར་བའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་།“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་་ཀྱིས་འཛུགས་སྐྱོང་དང་།མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ལ་ཞབས་འདེགས་ཞུ་བའི་”འདུ་ཤེས་མཐའ་འཁྱོངས་བྱས་ནས།མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ།བློ་རིག་ཅན་དུ་འགྱུར་བའི་དོ་དམ་ལས་སྟེགས་སྐྲུན་པ།རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཁྲིམས་འགལ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་ཡོན་ལྡན་ཞིང་གྲལ་འགྲིག་པའི་གྲོང་ཁྱེར་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས། གྲོང་ཁྱེར་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ལྷུ་ཚིགས་གལ་ཆེན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འགྲིམ་འགྲུལ་རྩ་འཛུགས་ལེགས་འགྱུར།ལམ་བརྗེ་ཞབས་ཞུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”གྲོང་ཁྱེར་གྱི་སྐར་ཁུང་གི་གཟུགས་བརྙན་སྲུང་སྐྱོང་ཡག་པོ་བྱ་དགོས།གྲོང་ཁྱེར་རྟོགས་པ་དང་།དོ་དམ་བྱེད་ཤེས་པ།བརྩེ་སེམས་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་གང་མགྱོགས་བྱས་ཏེ།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དོ་དམ་བྱེད་ལེགས་པོ་བྱས་ནས། ལས་དོན་ཁག་སྔ་ཙམ་དོ་དམ་དང་ཆུང་ཙག་དོ་དམ། ཞིབ་ཚགས་དོ་དམ་བཅས་བྱས་ཏེ།གྲོང་ཁྱེར་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།