རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སྟོན་ཁའི་མཐོ་སྒང་དུ་དྲོད་ཚད་ཇེ་དམའ་འགྲོ་བ་དང་བསྟུན་ནས་དགུན་ཁའང་སླེབས་ལ་ཉེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་སྡོད་ཁུལ་དུ་སྡོད་པའི་ཟླ་བ་ལྷ་མཚོ་ཚང་གིས་དགུན་ཁ་སླེབས་པར་སེམས་ཁྲལ་བྱེད་བཞིན་མེད་དེ། གཅིག་བསྡུས་དྲོད་འདོན་བྱས་རྗེས་ཁྱིམ་ནང་སྔོན་མ་ལས་དྲོ་བས་དགུན་ཁར་འཁྱགས་པའི་སྣང་བ་མེད་ཅེས་བཤད་བྱུང་།
ཟླ་བ་ལྷ་མཚོ་ཚང་གིས་དྲོད་འདོན་ལ་ཡིད་ཆེས་བྱས་པ་ནི་རང་ཁུལ་གྱིས་“ལོ་ལྔ་ཚན་བཅུ་བཞི་པ་”པའི་ཚུན་དུ་མུ་མཐུད་ནས་དྲོད་འདོན་ལས་གྲྭ་སྐུལ་འདེད་བཏང་སྟེ་དྲོད་སྣང་དེ་དུད་ཁ་ཁྲི་སྟོང་དུ་སྐྱེལ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ་”ཡི་རིང་། རང་ཁུལ་གྱིས་གཏིང་ཟབ་པའི་བྱེད་ཐབས་རེ་རེ་ལ་བརྟེན་ནས་མང་ཚོགས་ལ་མི་སེམས་དྲོ་སྐྱིད་ལྡན་པའི་དམངས་འཚོའི་དྲིས་ལན་བྲིས་ཡོད།

འཐབ་ཇུས་བཀོད་སྒྲིག “གྲང་ངར་ལ་སེམས་ཁྲལ་བྱེད་པ་”ནས“དྲོ་སྐྱིད་ལ་གོམས་པའི”དམངས་འཚོའི་མཆོང་སྐྱོད།
བདེ་ཆེན་གྱི་མཚོ་འཕགས་མཐོ་ལ་དགུན་དུས་རིང་བས། གཅིག་བསྡུས་དྲོད་འདོན་མ་བྱས་གོང་། ཤང་གྲོང་སྡོད་མི་ནང་དང་ལྷག་པར་དུ་“རྒན་རྒོན་དང་བྱིས་པ་”ཚོས་དཀའ་ལས་མང་པོ་མྱོང་དགོས། “ཁང་པ་ཕྱི་ནང་ཚང་མ་གྲང་ངར་ཆེ་བ།”དང་། “རྒན་རྒོན་དང་བྱིས་པར་དགུན་ཁ་ན་ཚ་ཕོག་སླ་བ་”ནི་མང་ཚོགས་མང་པོའི་བརྗེད་ཐབས་མེད་པའི་དགུན་དུས་ཀྱི་རྗེས་དྲན་ཞིག་ཡིན།
མི་དམངས་ལ་རེ་བ་ཡོད་ན་སྲིད་གཞུང་གིས་དགོས་མཁོ་སྐོང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཅིག་བསྡུས་དྲོད་འདོན་ལས་གྲྭ་དེ་གལ་ཆེ་བའི་དམངས་འཚོའི་དོན་དངོས་དང་དམངས་སེམས་ལས་གྲྭ་སྐུལ་འདེགས་གཏོང་བ་བྱས་ནས། བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པ་”འཆར་འགོད་ནང་བྲིས་ཡོད། ཁུལ་ཡོངས་ཀྱི་མི་དམངས་སྐྱིད་སྣང་མཐོ་འདེགས་གཏོང་བའི་དྲོ་སྐྱིད་ཀྱི་འཐབ་འཛིང་དེ་གངས་ལྗོངས་མཐོ་སྒང་དུ་ཕྱོགས་ཡོངས་སུ་སྤེལ་ཡོད། རྣམ་གྲངས་ཀྱི་ལག་བསྟར་གཙོ་བོ་ཡིན་པའི་ཆ་ནས། བདེ་ཆེན་ཁུལ་དྲོད་འདོན་གསར་སྤེལ་ཀུང་སིས་གཅིག་གྱུར་ངང་གྲོང་རྡལ་གཅིག་བསྡུས་དྲོད་འདོན་དང་ཁྱབ་ཁོངས་དྲོད་ཐབ་བསྒྱུར་བཀོད། གཙང་སེལ་ནུས་ཁུངས་བཅས་གསུམ་གོ་ཆུད་པའི་ལས་དོན་བཀོད་སྒྲིག་བྱས། ཁུལ་ཡོངས་ཀྱི་སྡེ་ཁུལ་བཞིའི་དྲོད་འདོན་རྣམ་གྲངས་འཆར་འགོད་ལག་བསྟར་བྱས་ནས། མ་དངུལ་སྒོར་དུང་ཕྱུར་124.8བཏང་། ཁུལ་དྲོད་འདོན་ཀུང་སིའི་སྤྱི་ཁྱབ་ཅིན་ལི་གཞོན་པ་ཡུས་ཅན་ཧྥུང་གིས་“ང་ཚོས་‘ཁུལ་དབྱེ་ཇུས་འདོན་དང་རིམ་འཕར་སྐུལ་འདེགས་’ཀྱི་འཛུགས་སྐྲུན་བསམ་བློ་བེད་སྤྱོད་བྱས་ཏེ། སྔོན་དུ་‘རྒན་རྒོན་དང་བྱིས་པ་’ཚོར་གཅིག་བསྡུས་ཁྱབ་ཁོངས་ཀྱི་དྲོད་འདོན་ལ་འགན་སྲུང་བྱས་ནས། ཚད་ཡོད་ཐོན་ཁུངས་ཀྱིས་དམངས་འཚོར་ཕན་འབྲས་འདོན་སྤེལ་བྱས་པར་འགན་ལེན་བྱས་ཡོད། ད་ལོ་ཁུལ་ཡོངས་ཀྱིས་གསར་སྣོན་བྱས་ཏེ་དྲོད་འདོན་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་17ལས་བརྒལ་ནས་རང་ཁུལ་གྱི་སྡོད་མིར་དེ་བས་དྲོ་སྐྱིད་དང་བདེ་སྡོད་ཀྱི་དགུན་བརྒལ་ཁོར་ཡུག་མཁོ་འདོན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་བྱུང་།”
ལས་ཡུལ་དང་པོའི་ལག་ལེན། བློ་རྩེ་གཅིག་སྒྲིམ་གྱིས་དྲོད་འདོན་ཞབས་ཞུ་འགན་ལེན་ཡག་པོ་བྱས་པ།

འཆར་གཞི་འགོད་པའི་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུ་དེ་རེད། ས་བབ་རྙོག་འཛིང་ཆེ་བ་དང་གནམ་གཤིས་ཞན་པའི་མཐོ་སྒང་ཐོག་ལྕགས་མདོང་དྲ་བ་འདིང་བ་དང་ཚ་ནུས་འཛུགས་སྐྲུན། དྲོད་འདོན་འགན་ལེན་བཅས་བྱས་པ་ནི་དམངས་འཚོའི་རེ་སྒུག་འགན་ལེན་དང་འཕེལ་རྒྱས་ཀྱི་དྲོད་ཚད་མངོན་པའི་འགྲན་སློང་ཆེན་པོ་ཞིག་རེད། འཇོལ་རྫོང་མཁར་དུ་ཐོ་རེངས་སུ་བྱུང་བའི་སྒྲིག་ཆས་ཆག་སྐྱོན་གྱིས་དྲོད་འདོན་འགན་སྲུང་མ་ལག་གི་འཕྲལ་བསྟུན་ནུས་པར་ཚོད་བགམ་བྱས་ཡོད། 2024ལོའི་ཟླ་11ཚེས་16ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་20ཡི་ཐོག་སྒྲིག་ཆས་གློ་བུར་དུ་སྐྱོན་ཤོར་ནས་དྲོད་ཐབ་སྤྱོད་མཚམས་ཆད་དེ། གྲོང་ཁུལ་གྱི་སྨི་གྲུ་བཞི་མ་13ཙམ་ཟིན་པའི་སྡེ་ཁུལ་གྱི་རྒྱུན་གཏན་དྲོད་འདོན་ལ་ཤུགས་རྐྱེན་ཐེབས་ཡོད། ཁུལ་དྲོད་འདོན་ཀུང་སི་ འཇོལ་རྫོང་ཡན་ལག་ཀུང་སིས་བབ་བསྟུན་སྔོན་ཇུས་མགྱོགས་མྱུར་ངང་ལག་ལེན་བསྟར་བ་དང་། མྱུར་བཟོའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ལས་ཡུལ་དུ་བསྐྱོད། ལས་བྱེད་པ་ཡོངས་ཀྱིས་གྲང་ངར་ལ་མ་འཛེམས་པར་ཉིན་མཚན་མེད་པར་འབད་བརྩོན་བྱེད་ནས། ཆུ་ཚོད་3རིང་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་མྱུར་བཟོའི་ལས་ཀ་བསྒྲུབས་པ་བརྒྱུད། ཟླ་11པའི་ཚེས་16ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་30ཡི་ཐོག་དྲོད་འདོན་སླར་གསོ་ཐུབ་ནས་མི་དམངས་མང་ཚོགས་དགུན་ཁ་དྲོ་པོ་སྡོད་ཐུབ་པ་འགན་སྲུང་བྱེད་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཚ་ཤུགས་བརྗེ་རེས་ས་ཚིགས་སུ་ལས་དོན་པ་མཱ་ཡུན་ཧྲེང་གིས་ཉིན་ལྟར་སྐོར་ཞིབ་ཐེངས་མང་བྱས་ནས་གྲངས་གཞི་མང་པོ་ཐོ་འགོད་བྱེད་བཞིན་འདུག ཁོང་གིས་ང་ཚོའི་ལས་དོན་ནི་དྲོ་སྐྱིད་དེ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན།མ་ལག་དེ་རིག་ནུས་དོ་དམ་ལས་སྟེགས་དང་འབྲེལ་མཐུད་བྱས་ཡོད་པས། དྲོད་རླངས་མཁོ་འདོན་ས་ཁོངས་སུ་གནོན་ཤུགས་རྒྱུན་གཏན་དང་མི་འདྲ་བར་གྱུར་ཚེ་ང་ཚོས་འཕྲལ་དུ་མི་མངགས་ནས་ཐག་གཅོད་བྱས་ཏེ་ཁང་བའི་དྲོད་ཚད་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།
ཁུལ་ཐད་གཏོགས་འགན་ལེན་རང་བཞིན་གྱི་སྡོད་ཁང་མཁའ་འགྲོ་གཞིས་ཁུལ་གྱི་སྡེ་ཁུལ་དྲ་མིག་ཅན་གྱི་ལས་མི་ལུའོ་ཚན་པེན་གྱིས་དེ་སྔོན་དགུན་དུས་ཁེར་རྐྱང་དུ་སྡོད་པའི་རྒན་མོ་ཨ་ཅག་སྒྲོལ་མའི་ཁ་པར་འབྱོར་པར་ཧ་ཅང་སྐྲག རྒན་རྒོན་ཚང་གི་ཆུ་སྦུག་འཁྱགས་པའམ་ཡང་ན་མོ་རང་ལ་ཆམ་པ་ཕོག་པ་སོགས་ཀྱི་གནས་ཚུལ་འབྱོར་བ་རེད། གཅིག་སྡུད་ཀྱི་དྲོད་རླངས་མཁོ་འདོན་བྱས་པ་ནས་བཟུང་ཨ་ཅག་སྒྲོལ་མའི་ཁྱིམ་དུ་འཚམས་འདྲིར་སྐྱོད་སྐབས་ཁང་བའི་ནང་དྲོ་སྐྱིད་ལྡན་པ་མ་ཟད་རྒན་རྒོན་གྱི་ངོ་མདངས་ཀྱང་ཇེ་བཟང་དུ་སོང་ཡོད་ཅེས་བཤད་བྱུང་།
དྲོད་ཁོལ་འོག་གི་བདེ་སྐྱིད་ཀྱི་འཚོ་བ།

དྲོད་རླངས་ཀྱི་དམངས་འཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་ལེགས་པོ་བསྐྲུན།ཁུལ་བུ་བཅོལ་ཁང་དུ། བྱིས་པ་རྣམས་ཀྱིས་ལྭ་བ་མཐུག་པོ་གོན་མི་དགོས། ཁུལ་བུ་བཅོལ་ཁང་གི་དགེ་རྒན་བསོད་ནམས་ལྷ་མཚོས་དེ་སྔོན་དགུན་ཁ་སླེབས་དུས། བྱིས་པ་རྣམས་པ་ལྭ་བ་མཐུག་པོ་གོན་དགོས། བྱ་འགུལ་སྤེལ་སྐབས་སྟབས་བདེ་མེད་པ་མ་ཟད། ཆམ་པའང་ཕོག་སླ་བ་རེད། ད་ལྟ་ཁང་བའི་ནང་དུ་དྲོད་ཁོལ་ཡོད་པས། སློབ་གྲྭས་རྒྱུན་ལྡན་ངང་བྱ་འགུལ་སྣ་ཚོགས་སྤེལ་ཆོག བྱིས་པ་རྣམས་ཀྱི་ལུས་པོའི་བྱང་ཚད་སོགས་མཐོ་རུ་ཕྱིན་ཡོད་ཅེས་བཤད་བྱུང་།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་གཡང་འཛོམས་ཀྱིས་དགུན་དུས་སུ་ཁང་བའི་དྲོད་ཚད་ནི་དེ་སྔོན་དང་བསྡུར་ན་ཇེ་མཐོར་སོང་ཡོད་པས། ནམ་གུང་དུ་ཡར་ལངས་ནས་བྱིས་པར་ཉལ་ཐུལ་འགེབ་མི་དགོས།ཁོ་འཁྱག་པར་སེམས་ཁུར་ཡང་བྱེད་མི་དགོས་ཞེས་བཤད་བྱུང་།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་ཕྱི་དྲོར་རྒན་རྒོན་ཚོ་དྲོ་སྐྱིད་ལྡན་པའི་བྱེད་སྒོ་ཁང་དུ་མིག་མངས་རྩེ་བ་དང་།གླེང་མོལ་བྱེད་པ།བརྙན་འཕྲིན་ལྟ་བ་བཅས་བྱེད་བཞིན་ཡོད།མིག་མངས་རྩེད་བཞིན་པའི་རྒན་པོ་བསོད་ནམས་ཕུན་ཚོགས་ཀྱིས་འཛུམ་མདངས་དང་བཅས་པས་དགུན་ཁ་ཐོན་ཡང་འདི་རུ་ཧ་ཅང་དྲོ། རྒན་རྒོན་གྲོགས་པོ་རྣམས་གནས་འདི་རུ་འདུག་རྒྱུར་ཧ་ཅང་དགའ། ཚང་མས་བཤད་ཞོར་དགོད་ཞོར་འཚོ་བ་རོལ་བས་སེམས་པ་ཧ་ཅང་སྐྱིད་ཅེས་བཤད་བྱུང་།