སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་བཅུ་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་བཅུ་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། 

    ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ཀྲུའུ་ཧུང་གིས་སྐུལ་སློང་གསུང་བཤད་གནང་བ་དང་།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་ལི་དབྱང་གིས་ཁུལ་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཚོ་ཆུང་གི་འགོ་འཛིན་དང་འགོ་འཛིན་གཞོན་པས་དབང་བསྐུར་དང་ལས་འགན་ལས་བགོས་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་།ཆབ་སྲིད་སྐོར་གཟིགས་དང་སྐོར་ཞིབ་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ།བསམ་བློའི་ངོས་འཛིན་གཅིག་གྱུར་དང་ལས་ཀའི་འགྲིལ་ཤུགས་ཆགས་པ་བཅས་བྱས་ཏེ་སྐོར་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆབ་སྲིད་སྐོར་ཞིབ་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། སྐོར་ཞིབ་ཀྱི་གཙོ་གནད་ཁྱོན་ཡོངས་ནས་ཁོང་དུ་འཕྱུགས་མེད་ཆུད་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་གནད་སྨིན་དང་ཕན་འབྲས་ཐོན་པར་བྱ་དགོས། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལྟར་ལས་ཀའི་འཆར་གཞི་བཟོ་བ་དང་།འགན་འཁྲིའི་ལས་བགོས་ཞིབ་ཏུ་གཏོང་བ།ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐོར་ཞིབ་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་སྐོར་ཞིབ་དུས་ཚོད་ནི་2025ལོའི་ཟླ9པའི་ཚེས15ཉིན་ནས་ཟླ11པའི་ཚེས9ཉིན་བར་ཡིན་པ་དང་།ཁུལ་ཨུས་སྐོར་ཞིབ་ཚོགས་ཆུང་4མངགས་ནས་ཁུལ་མི་དམངས་ཁྲིམས་ཁང་དང་།ཁུལ་ཨུའི་སྤྱི་ཚོགས་ལས་དོན་པུའུ།ཁུལ་འཕེལ་སྒྱུར་ཨུ་ལྷན་སོགས་ཁུལརིམ་པའི་ཚན་པ་8ཀྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱས་པ་རེད།