རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཡུན་ནན་ཞིང་ཆེན་བསླབ་རྒན་ཀྱི་སེམས་ཁམས་བདེ་ཐང་དང་ཁྱིམ་ཚང་སློབ་གསོའི་མངའ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དགེ་རྒན་ཡུས་ཧྥང་གིས《 འབྲེལ་གཏུག་མཁས་པ་དང་འཆམ་མཐུན་མཉམ་རྒྱལ》 《 བློ་གྲོས་ཁྱིམ་བདག་གིས་གོམ་པ་བཞི》 ཞེས་པའི་བརྗོད་བྱ་ཐོག་ནས་སློབ་ཁྲིད་བྱས་ཏེ་གཅེས་སེམས་ཨ་མ་དང་བུད་མེད་དང་བླངས་པའི་ཆེད་ལས་བྱང་ཚད་མཐོ་རུ་བཏང་བ་དང་དཀའ་ངལ་ཡོད་པའི་གཞིས་ལུས་བྱིས་པ་ལ་གཅེས་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་སླད་ཕྱིན་དེ་བས་ལེགས་པའི་སྒོ་ནས་གཅེས་སྐྱོང་ཞབས་ཞུ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།
ཐེངས་འདིའི་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་མིག་སྔའི་གཅེས་སྐྱོང་ཞབས་ཞུའི་ཁྲོད་གནས་པའི་ནུས་པ་མི་འདང་བ་དང་བྱ་ཐབས་མི་སྐྱེན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་ལ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཅེས་སེམས་ཨ་མའི་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཅེས་སེམས་ཨ་མ་ཟུང་འབྲེལ་གཅེས་སྐྱོང་སྤུས་འབྲས་ལེགས་གཏོང་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན།