སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ས་ཁོངས། སྐྱེ་ཁམས་སྲུང་སྐྱོང་དང་སྡེ་ཁུལ་འཕེལ་རྒྱས་མཉམ་གནས་ཀྱི་དཔེ་མཚོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2023ལོར།  སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ས་ཁོངས་སུ་རྒྱལ་ཁབ་ཀྱི་རིམ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་མཐོ་སྒང་གི་ཆུ་ཀེའུ་གསར་རྙེད་བྱས་པ་དང་།  2024ལོར།  ཐེངས་དང་པོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་རི་སྐྱེས་སྲོག་ཆགས་གསའ་གསར་རྙེད་བྱས་པས་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་གྲུབ་འབྲས་ཀྱི་མཆན་འགྲེལ་དུ་གྱུར་བ་དང་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོང་དང་སྡེ་ཁུལ་འཕེལ་རྒྱས་བར་འཚོལ་ཞིབ་བྱས་པའི་དོ་མཉམ་གྱི་ལམ་བུ་ཞིག་ཡིན།

         སྡེ་ཁུལ་མཉམ་འདྲེས་བྱས་ནས་སྐྱེ་ཁམས་ཀྱི་ཁེ་སྤོགས་ཀྱིས་ཁྱིམ་ཚང་སྟོང་ལ་ཕན་པ་ཐོབ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕའོ་གྲོང་ཚོའི་ལུང་བཟང་གྲོང་མི་ཚོ་ཆུང་དུ་བདེ་ཆེན་ཁུལ་སྲིད་གཞུང་དང་སྤྱི་གླིང་ཁེ་ལས་དང་དེ་བཞིན་སྡེ་ཁུལ་གྱིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་"ཡིའུ་ཡིའུ་གཞིས་ཁུལ"དེ་སྐྱེ་ཁམས་སྐྱོང་ལན་འཇལ་བའི་དམངས་འཚོའི་གསོན་ཉམས་ལྡན་པའི་དཔེ་གཞི་ཞིག་ཏུ་གྱུར་ཡོད་ལ།  ཡུལ་མིས་ས་ཞིང་མ་རྐང་འཇོག་པ་བརྒྱུད་བརྟན་ལྷིང་གྱི་ཁེ་སྤོགས་བགོ་ཐོབ་པ་དང་ཆབས་ཅིག་ཡུལ་སྐོར་ཞབས་ཞུ་དང་སྐྱེ་ཁམས་ཀྱི་ཐོན་རྫས་ཕྱིར་འཚོང་ནང་ཞུགས་ནས་ཁྱིམ་ཚང་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་2.5ལས་བརྒལ་ཡོད་པ་རེད། སྤྱི་གླིང་གིས་ད་དུང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་དང་ཞབས་ཞུའི་ལས་གནས་155ཐད་ཀར་གསར་སྐྲུན་བྱས་པ་དང་གདན་བཀོལ་ཀྱི་སྡེ་ཁུལ་ལས་བཟོ་བས་ཁེ་ལས་གྱི་མི་གྲངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད་པ་རེད།

        ང་སྤྱི་གླིང་དུ་ལས་ཀར་ཞུགས་ན་དགེ་མཚན་མང་པོ་ཡོད་པ་སྟེ། གཅིག་ནི་ཁྱིམ་དང་ཐག་ཉེ་བས། སྔ་དགོང་ཁྱིམ་དུ་ལོག་ནས་ཁྱིམ་མིར་ལྟ་སྐྱོང་བྱེད་ཐུབ། གཉིས་ནི་ཡོང་འབབ་ཅུང་བརྟན་ལྷིང་ཡིན་པ་དང་གླ་ཕོགས་ལ་སྤྱི་གླིང་གི་སྐྱོང་ལན་འཇལ་བ་སྣ་ཚོགས་བསྣན་ན་ལོ་རེའི་ཡོང་འབབ་སྒོར་ཁྲི་10ཡས་མས་ལ་ཉེ་བ་ཡིན་”ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོའོ་གྲོང་ཚོའི་ཡུལ་མི་ཚེ་རིང་སྒྲོལ་མས་འདི་ལྟར་བཤད།

        རིམ་པ་མང་བའི་སྐྱེ་ཁམས་སྐྱོང་གསབ་སྤྲོད་ལམ་གསར་གཏོད་བྱེད། རྒྱལ་ཁབ་ཀྱི་ནགས་ཚལ་དང་རྩྭ་ཐང་ཀྱི་སྐྱེ་ཁམས་ཁ་གསབ་ལག་བསྟར་བྱེད་པ་ཕུད། སྤྱི་གླིང་གིས་ད་དུང་ཁྱད་ཆོས་མངོན་གསལ་དོད་པའི“ཡུལ་སྐོར་སྐྱོང་ལན་འཇལ་བའི་”རྣམ་པ་འཚོལ་ཞིབ་བྱས་ཏེ། ཡུལ་སྐོར་བ་དང་ཡུལ་སྐོར་ལས་རིགས་ཀུང་སིས་ཁ་གསབ་བྱེད་པོ་ཡིན་པའི་ངོས་ནས་སྤྱི་གླིང་ནང་གི་གྲོང་ཚོ་23གྱི་གྲོང་མི་3696ལ་སྡེ་ཁུལ་ཀྱི་སྐྱོང་ལན་འཇལ་བའི་མ་དངུལ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། སྐྱེ་ཁམས་འབྲེལ་ཚད་གཞི་འཛིན་སར་བྱས་ནས་ས་ཁོངས་གསུམ་དབྱེ་འབྱེད་བྱས་ཏེ་ཁྱད་པར་ཅན་ཁ་གསབ་ལག་བསྟར་བྱས། སྲིད་གཞུང་དང་། ཁེ་ལས། སྡེ་ཁུལ་བཅས་ཕྱོགས་གསུམ་གྱིས་མཉམ་ལས་བྱས་ནས་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་བསྟར་རྒྱུའི་འགན་ལེན་བྱས་ཡོད།

        སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ས་ཁོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཁོའོ་ཡི་འགན་འཁུར་བ་ཀྲའོ་ཏུང་ལན་གྱིས“ང་ཚོས་མུ་མཐུད་དུ་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྲུང་སྐྱོང་ཁྲོད་དམངས་འཚོ་ལེགས་སུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།

        རང་བྱུང་སློབ་གསོ། རི་ཆུའི་མཛེས་སྡུག་ནས་སེམས་ཀྱི་གཅིག་མཐུན་བར།

        དྲང་འཕྱང་གྱི་སྐྱེ་ཁམས་ཁུལ་ཆ་ཚང་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་བརྟེན་ནས། སྤྱི་གླིང་གིས་རང་བྱུང་སློབ་གསོ་མ་ལག་ཞིབ་ཚགས་ངང་བསྐྲུན་ཡོད། ཡུན་ནན་སློབ་ཆེན་དང་ཡུན་ནན་དགེ་འོས་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་ཚོགས་པས་ནགས་ཚལ་གྱི་གསང་བ་འཚོལ་ཞིབ་དང་། མཐོ་སྒང་མཚེའུ། མི་དང་ས་ཆའི་འབྲེལ་བ་སོགས་བརྗོད་བྱ་གཙོ་བོའི་མུ་འབྲེལ་རིགས་འབྲེལ་སློབ་ཚན་གསར་སྤེལ་བྱས་ནས་ཚན་རིག་དང་མཐུན་པའི་གོ་དོན་དེ་གསོན་ཉམས་ལྡན་པའི་ཉམས་ལེན་དུ་བསྒྱུར་ཡོད།

        སློབ་མ་ཚོས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཁག་16ནང་རང་བྱུང་ཁམས་ལ་མྱོང་ཚོར་ཟབ་མོ་བྱེད་ཐུབ་རྒྱུ་སྟེ། བཀབ་དཔར་རྩི་ཤིང་གི་ཁྲ་རིས་དང་། བོད་ལུགས་ཀྱི་པགས་གླག  འབྲོག་རའི་ངལ་རྩོལ་ཉམས་ལེན་སོགས་བརྗོད་བྱ་གཙོ་བོའི་ཞིབ་འཇུག་དང་སློབ་སྦྱོང་ལམ་ཐིག་ལྔ་ཡིས་ཡུལ་སྐོར་བའི་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པ་དང་། ཉིན་གཅིག་འཚོལ་ཞིབ་བྱེད་པ་ནས་ཉིན་བཞི་དགོང་མོ་གསུམ་བར་གྱི་སྐྱེ་ཁམས་དབྱར་སྒར་བར་ལོ་ལྟར་སློབ་མ་མི་ཐེངས་5000ལྷག་ཙམ་སྣེ་ལེན་བྱས་ཡོད། རང་བྱུང་སློབ་གསོ་ཀྱིས་ཤེས་བྱ་བརྒྱུད་སྤྲོད་བྱས་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གསོ་སྐྱོང་བྱས་པ་སྟེ། གཞོན་ནུ་ལོ་ཆུང་གྲངས་མེད་རང་བྱུང་གྱི“ཟུར་དུ་ལྟ་མཁན་”ནས་སྐྱེ་ཁམས་གི“ཐུན་མོང་འཛུགས་སྐྲུན་བྱེད་མཁན་”དུ་བསྒྱུར་ཡོད།

        ཚན་རྩལ་གྱིས་སྲུང་སྐྱོང་བྱས་ནས་སྲོག་ཆགས་ཀྱི་སྦས་ལུང་སྲུང་སྐྱོབ་བྱེད་པ།

        སྤྱི་གླིང་གི་ཚན་རིག་ཞིབ་འཇུག་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ཡོད། ཀྲུང་གོ་ཚན་རིག་ཁང་དང་ལྷོ་ནུབ་ནགས་ལས་སློབ་ཆེན་སོགས་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་རི་སྐྱེས་སྲོག་ཆགས་དུས་ཐོག་ལྟ་ཞིབ་ཚད་ལེན་དང་འདམ་རའི་སྐྱེ་ཁམས་ལྟ་འཇལ་ས་ཚིགས་སོགས་ཚན་རིག་ཞིབ་འཇུག་གི་ལས་སྟེགས་བསྐྲུན་པ།

        སྤྱི་གླིང་གིས་ད་དུང་སྐྱེ་ཁམས་ཉམས་གསོ་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ཡོད། བལ་འཐག་མཚོ་སོགས་ས་ཁོངས་སུ་ཆུ་རྒྱུད་མཐིལ་འབྲེལ་བྱས་པ་དང་འདམ་རའི་སྔོ་ཁེབས་སླར་གསོ་བྱས་པ། མི་སྒེར་གྱིས་བསྐྲུན་པའི་ཕྱུགས་ཁང་གཙང་སེལ་བྱས་ནས་ཕྱུགས་ཟོག་ཚད་ལས་བརྒལ་བར་ཚོད་འཛིན་བྱས་པ། ཕྱི་ནས་ཡོང་བའི་དངོས་རིགས་འགོག་བཅོས་དང་ཁྲུང་ཁྲུང་སྐེ་ནག་གི་གནས་སྡོད་ཡུལ་བསྐྱར་བསྐྲུན་བྱས་པ། སྒོར་དུང་ཕྱུར་3.7ལས་བརྒལ་བ་བཏང་ནས་གླིང་ཁུལ་གྱི་སྐོར་སྲུང་རྐང་ལམ་སྤྱི་ལེ་77ཉམས་གསོ་བྱས་པ་དང་། དོ་དམ་སྲུང་སྐྱོང་ས་ཚིགས་7གསར་དུ་བསྐྲུན་པ། སྐྱེ་ཁམས་གྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

        དྲང་འཕྱང་སྐྱེ་ཁམས། འཕྲེད་རྒྱུག་རི་རྒྱུད་ཀྱི་སྔོ་ལྗང་འབྱུང་འཕྲོད་ཀྱི་ནོར་བུ།

        སྨི་3074ཡི་དྲང་འཕྱང་ས་བབ་ཀྱི་འབབ་ཁྱད་ཀྱིས་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམས་བསྐོའི་ས་ཁོངས་སུ་འཛམ་གླིང་ཐོག་མཐོང་དཀོན་པའི་དྲང་འཕྱང་གྱི་སྐྱེ་ཁམས་ཁུལ་བཟོས་ཡོད་པ་སྟེ། སྡོང་ཉུང་རྩྭ་ཚོམ་ནས་ས་མཐོའི་སྤང་ཐང་བར་སྔོ་ཁེབས་ཆེ་གྲས་7དང་ཁྱུ་ཚོམ་46དེ་གར་ཆ་ཚང་ངང་ཁྱབ་ཡོད་པ་རེད། འདི་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་རྩ་ཆེའི་སྐྱེ་དངོས་རིགས་ཀྱི་རྒྱུད་རྒྱུ་བང་མཛོད་ཡིན་པ་སྟེ། རྩི་ཤིང་གི་རིགས་3389ཁྲོད། རིགས་838ནི་ཀྲུང་གོའི་དམིགས་ལྡན་ཡིན་པ་དང་། སྒལ་ཚིགས་སྲོག་ཆགས་རིགས་460དང་རྒྱལ་ཐང་ཡེ་ཤུས་ཉ་སོགས་སྟོངས་ཉེ་སྐྱེ་དངོས་རིགས་124འདི་ན་གནས་སྡོད་དུ་ཟིན་ཐོར་བཀོད་ཡོད། གནའ་བོའི་འཁྱགས་ཀླུང་གྱི་རྗེས་ཤུལ་ཆ་ཚང་དེ་བོད་རིགས་དང་འཇང་རིགས་སོགས་མི་རིགས་ཀྱི་རིག་གནས་མང་པོ་དང་མཉམ་འདྲེས་བྱས་ནས་ཐུན་མོང་ཐོག་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྙན་ངག་མཛེས་སྡུག་ལྡན་པ་བྲིས་ཡོད།