བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་རིམ་སྤེལ་བྱེད་སྒོ་ཨང་བཅུ་དྲུག་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        ཟླ་9ཚེས་9ཉིན་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་རིམ་སྤེལ་བྱེད་སྒོ་ཨང་བཅུ་དྲུག་པདང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོའི་ནང་ཞུགས་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕུང་ཧྲན་གྱིས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་ཡུན་རིང་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་ཐུགས་རྗེ་ཆེ་ཞུས་པ་རེད།

        བྱེད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མི་རིགས་ཁག་གི་འཐུས་མིས་ལུས་ལ་ཁྱད་ལྡན་གྱོན་ཆས་གྱོན་ནས་ཐུན་མོང་ཐོག་འགོ་ཚུགས་མཛད་སྒོར་ཞུགས་ཏེ་བདེ་ཆེན་གྱི་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས་ཀྱི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད། ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་དང་མི་རིགས་ཀྱི“མཉམ་སྤྲོ་ཆེ་མོའི”བྱེད་སྒོ་དང་དེ་བཞིན་ཀ་བེད་གླིང་བུའི་འགྲེམས་འཁྲབ་འགྲན་བསྡུར་ནང་ཞུགས་མཁན་བའི་ཡུལ་སྐོར་བ་ཚང་མར་སེམས་ཀྱི་ཉི་ཟླའི་མཐུན་སྒྲིལ་ཞི་མཐུན་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་རྐྱང་ཞིག་མྱོང་ཚོར་ཟབ་མོ་བྱུང་ཡོད། ཤིན་ཅང་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ཅིང་ཧྲེང་གིས་ལག་ཐོགས་ཁ་པར་གྱི་ཟིན་ཐོ་བཀོད་དེ་འཁྲབ་སྟོན་བྱས་པ་དང་ཁོང་གིས“ས་གནས་ས་ཐོག་ཏུ་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་པ་མཐོང་ཐེངས་དང་པོ་ཡིན་པས་འཁྲབ་སྟོན་པ་ཚོའི་འཛུམ་མདངས་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ་དང་མི་རིགས་ཁག་གི་རིག་གནས་ཀྱི་གསོན་ཉམས་དོད་པའི་མྱོང་ཚོར་ཟབ་མོ་བྱུང་ལ་ནམ་ཡང་བརྗེད་པར་དཀའ”ཞེས་དགའ་སྤྲོའི་ངང་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་རིམ་སྤེལ་བྱེད་སྒོ”ནི་རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། རིམ་སྤེལ་བྱེད་སྒོ་དེས“གངས་ལྗོངས་ས་མཐོའི་སེ་འབྲུ་སྨིན། མི་རིགས་མཐུན་སྒྲིལ་གྱིས་ལེའུ་གསར་པ་འབྲི་” ཞེས་པའི་བརྗོད་དོན་གཙོ་བོར་བྱས་ཏེ་ཡུན་ནན་ནུབ་བྱང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི”དཔེ་སྟོན་ཁྱབ་ཁོངས་ཀྱི་མཉམ་འབྲེལ་གྲོལ་ཚོགས་ཀྱི་འཐུས་མིས་ལྟ་སྐོར་སྤེལ་རེས་དང་། མི་རིགས་གླུ་གར་ཟློས་གར《ལོ་ངོ་སྟོང་གི་སྒྲ་དབྱངས་》ཐོག་མར་འཁྲབ་པ། “སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི”བརྗོད་བྱ་གཙོ་བོའི་སྒྲོག་འགྲེལ་སོགས་བྱེད་སྒོ་ཁག་བདུན་སྤེལ་རྒྱུ་རེད།

        ཁུལ་ཨུ་རྒྱུན་ཨུ་དང་ཁུལ་ ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལེའོ་ཝུན་ཚའེ་ཡིས་འགོ་འཛིན་གནང་བ་དང་། ཁུལ་གྱི་འགོ་ཁྲིད་ཧོང་ལུང་ཞིན་དང་། ཡུས་ཅིན་ཆོན། མ་གོ་ཀྲུང་། དབྱང་ཅི་ཝུན། ཡུན་ནན་ནུབ་བྱང་བཅས་ཀྱི་“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་”དཔེ་སྟོན་ཁྱབ་ཁོངས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་དང་ཁུལ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་ཞུགས་པ།