སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྱེ་ཁམས་འཛུགས་སྐྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ན་ནིང་ནས་བཟུང་།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཇུས་ཆོད་བཀོད་སྒྲིག་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ཏན་ཏིག་བྱས།  སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུར་གོམ་སྟབས་བརྟན་པོ་སྤོས་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད།

        སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཐད།གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ངང་ཡོངས་སུ་ལེགས་པོ་རྒྱུན་འཁྱོངས་དང་། སྤུས་ལེགས་ཉིན་གྲངས་ཀྱི་བསྡུར་ཚད་བརྟན་ལྷིང་100%རུ་བརྟན་འཇགས་བྱུང་ཡོད་པས་མཁའ་སྔོ་སྤྲིན་དཀར་དེ་གྲོང་ཁྱེར་ཀྱི་ཚད་ལྡན་སྒྲིག་འགོད་དུ་གྱུར་ཡོད། ཆུའི་ཁོར་ཡུག་སྤུས་ཚད་དེ་དང་འདྲ་བར་ ཡང་ ཕུལ་དུ་བྱུང་བ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཅད་ངོས་གཉིས་ཀྱི་ཆུ་སྤུས་ལེགས་པའི་སྡུར་ཕྲེང་100%ཟིན་པ།ཞིང་ཆེན་གྱིས་ཚད་འཛིན་བྱེད་པའི་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཅད་ངོས་དགུའི་ཆུ་སྤུས་ལེགས་པའི་སྡུར་ཕྲེང་88.8%ཟིན།དེ་དང་ཆབས་ཅིག་གྲོང་ཁྱེར་དེས་ད་དུང་སྔོ་ལྗང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་སྔོ་ལྗང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི294ལེགས་གྲུབ་བྱུང་བ་དང་། “ས་ཡ་ནགས་ཚལ”ནགས་བཟོའི་སྡོང་རྐང་ཁྲི་249.44ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་རིམ་པའི་ལྗང་མདོག་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གསར་བཟོ་ལེགས་གྲུབ་བྱས་པས་གྲོང་ཁྱེར་གྱི་གང་སར་ལྗང་མདོག་དང་གསོན་ཤུགས་ཀྱིས་ཁེངས་པ་རེད།

        སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་མགྱོགས་སུ་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ནན་ཏན་བཏང་བ་དང་། ནགས་ཕག་མཚོ་དང་། ཧ་པ་གངས་རི་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚད་ལྡན་དོ་དམ་ལ་སྐུལ་འདེད་ཧུར་ཐག་བཏང་བ། རིམ་རྩིས་གྱིས་གྲོང་ཁུལ་གྱི་སྦུ་གུ་དྲ་བའི་གནད་དོན་གནས་ཡུལ་ཁྲི་2.12ཉམས་གསོ་བྱས་པ་དང་གཞི་རྩའི་ཐོག་ནས་གྲོང་ཁྱེར་སྦུ་གུ་དྲ་བའི་སྟོང་ཆ་ཁུལ་སེལ་བ་དང་ད་ལོའི་ཟླ་1པོ་ནས་7བར་གྲོང་ཁྱེར་གྱི་བཙོག་ཆུ་བསྡུ་རུབ་བྱེད་ཚད་71.51%ཟིན་ནས་གྲོང་ཁྱེར་གྱི“ཁྲག་རྩ་”སྔར་བས་ཤར་གཏོང་ཐུབ་པ་རེད།

        བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ཐོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱུན་བསྲིང་འཕེལ་རྒྱས་གྱི་ལམ་བུར་འགྲོ་བ།ལྗང་མདོག་ཐོན་ལས་འཕེལ་རྒྱས་ཐད།  ཟས་སྤྱོད་ཤ་མོའི་རིགས་ཀྱི་རྫས་ཐོན་ཁུངས་སྲུང་སྐྱོང་དང་མི་ཐེ་གཏོགས་ལག་རྩལ་ཞིབ་འཇུག་གསར་སྤེལ་རྟེན་གཞི་3དང་རི་སྐྱེས་ཤ་མོ་གསོ་སྐྱོང་དང་སྐྱེ་འཕེལ་སྐུལ་འདེད་རྟེན་གཞི་3བསྐྲུན་ནས་ཟས་སྤྱོད་ཤ་མོ་ཆུང་ཆུང་དེ་ཞིང་པའི་ཡོང་འབབ་འཕར་སྣོན་ཕྱུག་པོར་འགྱུར་བའི་“གསེར་གྱི་ནོར་བུ”དུ་གྱུར་ཡོད། ན་ནིང་གྲོང་ཁྱེར་ཡོངས་ཀྱི་ཟས་སྤྱོད་ཤ་མོ་ཐོན་ལས་ཀྱིས་ཞིང་དུད་དུད་ཚང་ཁྲི་1.2ལ་ཐད་ཀར་སྣེ་ཁྲིད་བྱས་ནས་དུད་ཚང་རེ་རེ་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.89ཡན་ཆད་འཕར་སྣོན་ཡོང་བ་བྱས་ཡོད་པ་དང་།  ནགས་འོག་འདེབས་ལས་དང་གསོ་སྤེལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་དེ་དྭ་བ་དང་།  བོད་བྱ་སོགས་ནགས་འོག་གི་ཁྱད་ལྡན་འདེབས་ལས་དང་གསོ་སྤེལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་བྱུང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཡོད།  ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་ཐད། གྲོང་ཁྱེར་དེས་གཙོ་གནད་མངའ་ཁོངས་ཀྱི་མི་མངོན་པའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་པ་དང་། ན་ནིང་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཕྱོགས་བསྡུས་ནུས་ཁུངས་ཀྱི་འཛད་སྤྱོད་ཚད་དུས་མཚུངས་སྔོན་རྩིས་ལས་བརྒྱ་ཆའི་གྲངས་19ཆག་པ་དང་། ཚན་པའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ཀྱི་ནུས་ཁུངས་ཟད་གྲོན་དུས་མཚུངས་སྔོན་རྩིས་ལས་བརྒྱ་ཆའི་གྲངས་3.9ཆག་པས། ལྗང་མདོག་ཐཱན་ཉུང་གོང་འཕེལ་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད།