རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-27   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
འཚོ་བཅུད་རིག་པའི་ཐད་ནས་བཤད་ན། རྒྱུན་དུ་མི་གཅིག་གིས་ཉིན་རེར་སྒོ་ང1ནས2བར་ཟོས་ན་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། སྒོ་ངའི་ནང་མཁྲིས་ཕྲུམ་གྱི་འདུས་ཚད་ཧ་ཅང་མཐོ་ཞིང་། ཟ་དྲགས་ན་དྭངས་ཁྲག་ནང་གི་མཁྲིས་ཕྲུམ་གྱི་འདུས་ཚད་མཐོ་དྲགས་སྲིད། བྱ་སྒོང་ཟ་རྒྱུ་མང་ན་འཚོ་བཅུད་མང་དྲགས་ནས་རྒྱགས་པ་ཆགས་པར་མ་ཟད། མིའི་ལུས་ཕུང་གིས་ཟས་རིགས་གཞན་དག་གི་འཚོ་བཅུད་ལེན་པར་གནོད་དེ་འཚོ་བཅུད་དོ་སྙོམས་ཡོང་མི་ཐུབ། དུས་ཡུན་རིང་པོར་སྒོ་ང་ཟ་རྒྱུ་མང་དྲགས་ན་འཇུ་སྟོབས་ཇེ་ཞན་དུའང་འགྲོ་སྲིད། སྒོ་ང་ཞུ་རྗེས་ཐོན་པའི་ཏན་འདྲེས་པའི་སྙིགས་རྫས་ཀྱིས་ད་དུང་མཁལ་མ་དང་མཆིན་པའི་ཁུར་པོ་ཇེ་ལྕི་རུ་གཏོང་སྲིད།
སྒོ་ངའི་སེར་རིལ་ཅི་ཙམ་སེར་ན་དེ་ཙམ་གྱིས་འཚོ་བཅུད་མང་པོ་ཡོད་དམ། སྒོ་ངའི་སེར་རིལ་གྱི་ཁ་དོག་དང་དེའི་ནང་གི་མདོག་རྒྱུ་ལ་འབྲེལ་བ་ཡོད་ཅིང་། དེའི་ནང་གི་མདོག་རྒྱུ་ཁ་ཤས་ལ་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་པས། མིག་ཤེད་དང་ནད་འགོག་མ་ལག་གི་བདེ་ཐང་སྲུང་སྐྱོབ་ལ་ཕན་པ་ཡོད། འོན་ཀྱང་སྒོ་ངའི་སེར་རིལ་གྱི་ཁ་དོག་སེར་དང་མ་སེར་གྱིས་དེའི་ནང་གི་འཚོ་བཅུད་ཀྱི་གྲུབ་ཆ་མཐོ་དམན་མཚོན་མི་ཐུབ། འཚོ་བཅུད་ཀྱི་ངོས་ནས་བཤད་ན། ང་ཚོས་སྒོ་ངའི་སེར་རིལ་ཁྲོད་ཀྱི་འཚོ་བཅུད་དངོས་ཀྱི་གྲུབ་ཆ་འདུས་ཚད་ལ་དོ་སྣང་བྱེད་དགོས་པ་ལས་དེའི་ཁ་དོག་ཁོ་ནར་དོ་སྣང་བྱེད་མི་དགོས། །