ཁུལ་ཡོངས་ཀྱི་བྲུག་འགོག་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་8ཚེས་23ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་བྲུག་འགོག་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲུག་འགོག་གནོད་སྐྱོབ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཞིང་ཆེན་དང་ཁུལ་གྱི་བྲུག་འགོག་ལས་དོན་ཚོགས་འདུའི་བླང་བྱ་དང་རེ་བ་དོན་འཁྱོལ་བྱས་ཏེ་བྲུག་འགོག་གནོད་སྐྱོབ་ལས་དོན་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་ནན་བཤད་གནང་ཡོད།     

    ཚོགས་འདུའི་ཐོག་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་བྲུག་འགོག་ལས་དོན་གནས་ཚུལ་སྙན་ཞུར་ཉན།    རྫོང་སོ་སོ(གྲོང་ཁྱེར་)དང་གཙོ་གནད་ཤང་ཁག(གྲོང་རྡལ་)གི་བྲུག་འགོག་ལས་དོན་བཀོད་གཏོང་བྱས་ཡོད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དུས་སྐབས་སྔོན་མའི་བྲུག་འགོག་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་གཏན་འཁེལ་བྱས་པའི་ལས་ཀའི་ནང་རྐྱེན་ཁག་བདེ་བླག་དང་ཕན་ནུས་ཆེ་བ། རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པ་རང་འགུལ་ངང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ནང་ཟབ་འཇུག་བྱས་པས་ལས་དོན་ཧྲིལ་པོར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྟན་ཡོད།   

     ཚོགས་འདུའི་བླང་བྱ་བཏོན་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་“1262”ཞེས་པའི་ལམ་སྲོལ་བྱ་ཐབས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་དང་ཞིབ་ཕྲ་བྱེད་པ་དང་།    ཉེན་ཁ་སྔོན་བརྡ་གཏོང་བའི་སྔོན་ཚུད་ཉེན་བརྡ་ལ་ཤུགས་སྣོན་རྒྱག་པ་དང་།    རླུང་འཕྲིན་དང་འཕྲིན་ཐུང་སོགས་ལག་ཐབས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ཏེ།    དུས་ཐོག་དང་ཡང་དག་པའི་སྒོ་ནས་སྔོན་དཔོག་ཉེན་བརྡ་དུད་ཚང་དང་མི་ཚང་མར་ཆ་འཕྲིན་བརྒྱུད་སྤྲོད་དང་།    སྔོན་དཔོག་ཉེན་བརྡ་ཆ་འཕྲིན་ལ་གསལ་འགྲེལ་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་སྔོན་དཔོག་ཉེན་བརྡའི་བརྡ་རྟགས་ཀྱི་གོ་དོན་དང་ལག་བསྟར་བྱེད་དགོས་པའི་འགོག་ཟོན་གསལ་པོ་ཤེས་སུ་འཇུག་དགོས།     མཛེས་ལྗོངས་ཁུལ་དང་།    ཆུ་བོ་དང་མཚེའུ།    འགྲོ་ལམ་དང་འགྲིམ་འགྲུལ།    ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚུགས།    ཆུ་མཛོད་ཀྱི་ཆུ་གློག་ས་ཚིགས།  ཆུ་ལམ་གྱི་ཆུ་རགས་དང་།    ཨར་ལས་ཀྱི་ལས་ཡུལ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་ས་དང་ཆུ་དྲག་སླ་བའི་ས་ཁུལ།    སྨན་ཁང་དང་སློབ་གྲྭ  རྒན་གསོའི་ཁང་སོགས་གཙོ་གནད་ཁག་ལ་དོ་སྣང་ཆེན་པོ་བྱས་ཏེ་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱ་དགོས།     འཕྲལ་སྡོམ་ཐག་གཅོད་གྲ་སྒྲིག་ཡག་པོ་བྱེད་པ་དང་།    འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ།    འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ།    བཅའ་སྡོད་བྱ་ཡུལ་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་པའི་དཔུང་སྡེ་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ།    དམག་མི་དང་ས་གནས་མཐུན་སྦྱོར་བྲུག་འགོག་གནོད་སྐྱོབ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལས་ཀའི་ལམ་སྲོལ་ཟུངས་ནུས་བྱ་ཐབས་སྟོབས་ལྡན་ཞིག་ཆགས་སུ་འཇུག་དགོས།     

    ཚོགས་འདུའི་ཐོག་མིག་སྔའི་ཛ་དྲག་གི་བྲུག་འགོག་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་ཁྱད་བསད་བྱས་ནས་བྲུག་འགོག་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས། རིམ་པ་ཁག་གི་བཀོད་འདོམས་པ་དང་ལས་རེས་མི་སྣ་ངེས་པར་དུ་དུས་ཚོད་ལས་གནས་སུ་སྡོད་དགོས་པ་དང་།    ཕྱི་རོལ་དུ་འགྲོ་དུས་དགོངས་ཞུ་སྙན་སེང་ཞུ་བའི་ལམ་ལུགས་ནན་པོ་བྱས་ཏེ་གློ་བུར་དུ་ཛ་དྲག་གནས་ཚུལ་ཐོན་ཚེ་དེ་མ་ཉིད་དུ་དུ་ཐག་གཅོད་དང་ལེན་བྱེད་མཁན་ཡོད་པ་ཁག་ཐེག་བྱེད་དགོས།     བཀོད་འདོམས་མ་ལག་དང་།    ལས་རེས་མི་སྣ་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་བཅས་ངེས་པར་དུ་གསོན་གནས་ཀྱི་རྣམ་པར་གནས་ཤིང་།    དངོས་རྫས་དོ་དམ་དང་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་བྲུག་འགོག་ཉེན་སེལ་གྱི་དངོས་རྫས་གྲ་སྒྲིག་གང་ལེགས་བྱས་ཏེ་འགག་རྩའི་དུས་ཚོད་སྐོང་ཐུབ་པ་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།     ཐག་གཅོད་ཚན་པ་དང་པོ་དེར་ཤུགས་སྣོན་བརྒྱབ་ནས་ཁུལ་དང་།      རྫོང་དང་(གྲོང་ཁྱེར་)ཤང་(གྲོང་རྡལ་)གྲོང་ཚོ(སྡེ་ཁུལ་)རིམ་པ་བཞིའི་འགན་འཁྲི་གཅིག་གྱུར་གྱིས་དམ་འཛིན་བྱས་ནས་གཞི་རིམ་གྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ།    ཤང་(གྲོང་རྡལ་)དང་གྲོང་ཚོའི་ཚོ་ཆུང་གི་ལས་བྱེད་པས་འགན་འཁུར་ཕོད་པ་དང་།    དེ་མ་ཉིད་དུ་གནོད་འཚེ་དང་ཉེན་ཁའི་གནས་ཚུལ་ཐག་གཅོད་ནུས་ལྡན་བྱེད་དགོས།    ཆར་ཚད་སྔོན་དཔོག་ཉེན་བརྡའི་གྲངས་ཐང་དུ་སླེབས་པ་དང་།    ཉེན་ཁའི་གནས་ཚུལ་ལ་འགྱུར་ལྡོག་འབྱུང་བ།    ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་དཔོག་ཡང་དག་བྱེད་མ་ཐུབ་པའམ་ཡང་ན་བསམ་ཡུལ་ལས་འདས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཞིབ་དཔྱད་དང་བརྡར་གཅོད་དཀའ་བ་སོགས་ཀྱི་གནས་ཚུལ་དུས་བྱུང་ཚེ།    ཐབས་ཇུས་འདོན་ཕོད་པ་དང་བློ་ཐག་ཆོད་པོས་མང་ཚོགས་སྤོ་སྒྱུར་བྱས་ཏེ།    “གཤེ་གཤེ་ལ་ཉན་དགོས་པ་ལས་ངུ་སྐད་ལ་མི་ཉན་པ”བྱས་ནས་བདེ་འཇགས་ཀྱི་དམའ་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།     

    ཚོགས་འདུ་དེ་བརྙན་ལམ་ཐོག་ནས་རྫོང་(གྲོང་ཁྱེར་)དང་ཤང་(གྲོང་རྡལ་)ཁག་ཏུ་འཚོགས་ཡོད།

ཁྲེན་ཆུན་དང་། ཞུས་ཀོང་ཏེ།    མཱ་གོ་ཀྲུང་བཅས་ཁུལ་རིམ་པའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།