ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འདི་འདྲ་ཞིག་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་8ཚེས་21ཉིན་ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་ཉེར་དགུ་བའི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚུལ་ཆེད་དོན་འདྲི་རྩད་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སྲིད་གཞུང་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཁྲིད་དེ་ཚོགས་འདུར་ཕེབས་ནས་འདྲི་རྩད་བྱས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས།    ཆེད་དོན་འདྲི་རྩད་དེ་མིང་ཐོ་འགོད་པའི་འདྲི་ལེན་དང་སྐབས་བསྟུན་འདྲི་ལེན་གྱི་རྣམ་པའི་ཐོག་ནས་སྤེལ་བ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུང་ཡུང་ལི་སོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་པ་དང་མི་སྣ་9ཡིས་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། ཟང་ཟིང་བཅོས་སྐྱོང་། དམངས་སྲོལ་གནས་ཚང་ཀྱི་ལས་རིགས་ཚད་ལྡན་སོགས་ཀྱི་གནད་དོན་ལ་དམིགས་ནས་འདྲི་རྩད་བྱས་པ་རེད། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཧའོ་དང་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་སྤྱི་བདེ་ཅུས། ཁུལ་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གྱི་འགན་འཁུར་བས་སོ་སོར་འདྲི་རྩད་བྱས་པ་རེད། འདྲི་རྩད་དེ་གནད་འགག་གནད་འཁེལ་དང་གནད་འགག་ལ་ཐད་ཀར་བསྟན་པ། འདྲི་རྩད་ཀྱི་རྣམ་འགྱུར་ལྷག་བསམ་ཟོལ་མེད་དང་གནད་དོན་ལ་ཐད་ཀར་གདོང་གཏོད་པས། སྔོན་དཔག་ཕན་འབྲས་ལ་སླེབས་ཡོད།    ལུའོ་ཁྲའོ་ཧྥེང་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་འདྲི་རྩད་སྤེལ་བ་ནི་སྲིད་གཞུང་ལས་དོན་ལ་སྐུལ་འདེད་ནུས་ལྡན་བྱས་པ་ཞིག་ཡིན་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། ཡུལ་སྐོར་ཐོན་ལས་ནི་རང་ཁུལ་གྱི་གཙོ་རྟེན་ཐོན་ལས་དང་དམངས་ཕྱུག་ཅན་གྱི་ཐོན་ལས་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་ཆེད་དོན་འདྲི་རྩད་ལས་དོན་དང་ལེགས་བཅོས་མཐོ་རུ་གཏོང་བའི་འགོ་ཚུགས་ས་གསར་པར་བརྩིས་ནས། ཡུལ་སྐོར་ཁྲོམ་ར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་ལས་དོན་ལ་སྒྲིག་ལམ་ཐོབ་པའི་འགན་ལེན་བྱེད་དགོས་པ་བསྟན།    ལུའོ་ཁྲའོ་ཧྥེང་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་དང་ཞིབ་འཇུག་བརྟག་དཔྱད་གཏིང་ཟབ་བྱས་ཏེ། ཡུལ་སྐོར་མངའ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྒྱུན་མཐུད་རྗེས་འདེད་ཕན་འབྲས་འདྲི་བ་བཅས་བྱེད་དགོས་པ། ཁུལ་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་ནས་“གཅིག་གྱུར། བསྒྱུར་བཅོས། བཅོས་སྐྱོང་”བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་དང་ལྟ་སྐུལ་དོ་དམ་ཕྱོགས་བསྡུས་བཀོད་གཏོང་གི་ལམ་སྲོལ་ཟུངས་ནུས་བྱ་ཐབས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གཅིག་གྱུར་རིག་ལྡན་སྟེགས་བུ་འཛུགས་སྐྲུན་བྱེད་པ།  གནད་དོན་ཅན་མྱུར་དུ་བཅོས་སྒྲིག་གི་རྩིས་ལེན་བྱས་ནས། འགན་འཁྲི་དང་། དམིགས་ཚད། དུས་བཀག་བཅས་ཁ་གསལ་བཟོས་ནས། དུས་བཀག་ལྟར་བཅོས་སྒྲིག་དང་ཨང་གྲངས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་དགོས་ལ། ལས་རིགས་ཚད་ལྡན་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་ལས་འགན་སྒྲུབ་དང་། མཐུན་སྦྱོར་མཉམ་འགྲུལ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་ཀའི་འགྲིལ་ཤུགས་སྡོམ་ཤུགས་ཆགས་སུ་འཇུག་དགོས། ཁྲོམ་ར་ཡིད་རྟོན་ངང་གཉེར་སྐྱོང་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བཅས་བྱས་ཏེ། བདེ་ཐང་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཁྲོམ་ར་སྐྱེ་ཁམས་ཐུན་མོང་འཛུགས་སྐྲུན། མཉམ་སྐྱོང་། མཉམ་སྤྱོད་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།

    ཀྲང་ཝེ་ཏུང་གིས་ཐེངས་འདིའི་ཆེད་དོན་འདྲི་རྩད་འདི་གོ་སྐབས་སུ་བརྩིས་ནས་རྒྱུན་མཐུད་ཀྱིས“མཇུག་འཕྲོའི་ལས་དོན་ཡག་པོ་བྱས་ཏེ། ཆེད་དོན་འདྲི་རྩད་བསམ་འཆར་གྱི་གྲོས་འཆར་ལེགས་སྒྲིག་ནན་ཏན་བྱས་ཏེ་དོན་ཚན་རེ་རེ་བཞིན་ཞིབ་འཇུག་དོན་འཁྱོལ་བྱས་ནས། གནད་དོན་བཅོས་སྒྲིག་ཕན་འབྲས་ལ་བརྟེན་ནས་ཡུལ་སྐོར་ཁྲོམ་རའི་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཕན་སྐུལ་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྔར་ལས་རང་རྟོགས་ངང་དམངས་ཆེན་འཐུས་མིའི་ལྟ་སྐུལ་དང་ལེན་བྱས་ཏེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྟ་སྐུལ་གྱི་བསམ་འཆར་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བསྒྱུར་དགོས་པ་བསྟན།    ཞའོ་ཞུས་དང་། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཀྲང་ལི་ཅུན་བཅས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད། གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་ཡུལ་སྐོར་དང་ཁེ་ལས་ཀྱི་འབྲེལ་བ་ཡོད་པའི་མི་སྣ་ཟུར་ཞུགས་བྱས་ཡོད།