རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8ཚེས་23ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ནགས་ཕག་མཚོ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕེབས་པ་དང་། ནགས་ཕག་མཚོའི་ཆུ་སྤུས་དང་ཆུ་གནས་ལྟ་ཞིབ་ཚད་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བྲུག་འགོག་འཕྲལ་སྡོམ་གྲ་སྒྲིག་གང་ལེགས་བྱས་ཏེ་རྒྱུན་མཐུད་ཀྱིས་ཆུ་སྤུས་མཐོ་རུ་གཏོང་བའི་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་དང་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་ནང་ཞུགས་ཡོད།ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བདེ་འཇགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ནགས་ཕག་མཚོའི་ཉེ་དུས་ཀྱི་ཆུ་གནས་ཀྱི་ཆུའི་སྤུས་ཚད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་ནི་རང་ཁུལ་གྱི་སྐྱེ་ཁམས་འགོག་སྲུང་དང་ཡུལ་སྐོར་མིང་བྱང་གལ་ཆེན་ཞིག་ཡིན།མིག་སྔར་ཡུལ་སྐོར་རྒྱས་དུས་ཡིན་པས་ཆར་ཆུ་འབབ་པ་མང་བ། ཆུ་གནས་མངོན་གསལ་དོད་པོས་འཕར་བ། བྲུག་འགོག་གནས་བབ་ཛ་དྲག་ཡིན་པས་ངེས་པར་དུ་དོགས་ཟོན་ཚད་མཐོན་པོ་བྱ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐོར་འདེགས་དང་ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་བྱེད་པ་དང་། གཙོ་གཟུགས་ཀྱི་འགན་འཁྲི་དམ་ཟབ་བྱེད་པ། སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགྲིལ་ཤུགས་སྡོམ་ཤུགས་ཆགས་པ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། བྲུག་འགོག་བདེ་འཇགས། ཡུལ་སྐོར་འཕེལ་རྒྱས་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ནགས་ཕག་མཚོ་འབབ་རྒྱུད་ཀྱི་སྲུང་སྐྱོང་བཅོས་སྐྱོང་དང་བདེ་འཇགས་དོ་དམ་ལས་དོན་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་རྒྱུན་མཐུད་ཀྱིས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་སྒྲོལ་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་།ཆུ་གཟུགས་དང་བཅོས་སྐྱོང་གི་རྒྱུན་རིང་ཕན་ནུས་རྒྱུན་ཐོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྒྱུན་གཏན་གྱི་ཆུ་སྤུས་བརྟག་འཇལ་དང་འབྱུང་ཁུངས་རྗེས་འདེད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། འབབ་རྒྱུད་ཡོངས་ཀྱི་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆུའི་སྤུས་ཚད་བརྟན་ལྷིང་ཚད་གཞི་དང་རྒྱུན་མཐུད་ལེགས་སུ་གཏོང་རྒྱུའི་འགན་ལེན་བྱེད་དགོས། བྲུག་འགོག་འཕྲལ་སྡོམ་ལས་དོན་མཐའ་གཅིག་ཏུ་ལེགས་པར་བསྒྲུབས་ནས་ཆར་ཆུའི་གནས་ཚུལ་གྱི་ཆུ་བབ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བྲུག་འགོག་དངོས་རྫས་དང་མི་སྣ་བཀོད་སྒྲིག་བྱ་རྒྱུར་འགན་ལེན་བྱས་ནས་ལམ་རྒྱུད་མང་ཚོགས་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་རྩ་འཛུགས་དང་རླངས་འཁོར་གྱི་བདེ་འཇགས་སྔར་བས་ལེགས་སུ་གཏོང་བ་དང་། ཡུལ་སྐོར་རྒྱས་དུས་དང་བྲུག་སྐབས་ཀྱི་ཁྱད་ཆོས་ལ་དམིགས་ནས། བགྲོད་ལམ་གཙོ་གནད་ཀྱི་འགྲིམ་འགྲུལ་སྣེ་ཁྲིད་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། འགྲིམ་འགྲུལ་ཀྱི་ངོ་རྟགས་དང་འགོག་སྲུང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་བ་ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབ་པ། བདེ་འཇགས་དང་། གོ་རིམ་ལྡན་པ། སྐྱིད་སྣང་དོད་པའི་ཡུལ་སྐོར་ཁོར་ཡུག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད།
ཁྲེན་ཆུན་དང་ཞུས་ཀོང་ཏེ་བརྟག་ཞིབ་ནང་ཞུགས་ཡོད།