རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་8ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས། ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་བའི་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས། ཚེས་21ཉིན་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར།
ཝང་ཧུའུ་ཉིང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཚེས་21ཉིན་ནས་ཚེས་23ཉིན་བར་བོད་ཀྱི་ས་གནས་ཁག་ཏུ་ཕེབས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་འཚམས་འདྲི་གནང་རྒྱུ་རེད།
ཞི་ཅིན་ཕིང་བོད་ནས་ཞལ་གྱེས་སྐབས། མི་རིགས་ཁག་གི་མང་ཚོགས་ཚོས་ལྷ་སའི་གྲོང་ཁུལ་ཁག་གི་ལམ་གཡས་གཡོན་གཉིས་སུ་འཛོམས་ཏེ་དར་དམར་གཡུག་གཡུག་བྱེད་པ་དང་ལག་ཏུ་མཇལ་དར་འཁྱེར་ནས་སྤྱི་ཁྱབ་ཧྲུའུ་ཅིར་མགྲིན་གཅིག་ཏུ་དགའ་འབོད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་སེམས་གཏིང་ནས་བཅངས་པའི་དགའ་གུས་གང་ལེགས་མཚོན་པར་བྱས་ཡོད། ལྷ་སའི་གོང་དཀར་གནམ་ཐང་དུ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ལས་བྱེད་པ་དང་མང་ཚོགས་ཚོས་དར་དམར་དང་མེ་ཏོག་གཡུག་གཡུག་བྱེད་པ་དང་། གླུ་ལེན་གར་འཁྲབ་བྱས་ཏེ་སྐད་གསང་མཐོན་པོས་བཀྲ་ཤིས་བདེ་ལེགས་ཞེས་ཞུས་ནས་ས་མཐོའི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཚོར་སེམས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།
ཚའེ་ཆི་དང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་བཅས་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་གནམ་གྲུ་གཅིག་ནང་ལྷན་དུ་ལོག་ཕེབས་པ་རེད།