ཁུལ་ཨུའི་སྐབས་དགུ་པའི་རྩིས་བཤེར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།   

     ཟླ་8པའི་ཚེས18ཉིན་སྐབས་དགུ་པའི་ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད།     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།    གོང་རིམ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གཞུང་ལས་ཁང་གི་ལས་དོན་སྤེལ་བའི་གནས་ཚུལ་དང་འབྲེལ་ཡོད་བཅོས་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།    མདུན་གྱི་དུས་རིམ་དང་པོའི་རྩིས་བཤེར་ལས་དོན་ཕྱོགས་སྡོམ་བྱས་ཏེ་གོ་རིམ་རྗེས་མའི་ལས་ཀའི་ལས་འགན་བཀོད་སྒྲིག་བྱས་པ་རེད།     ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་འབྲེལ་གསུང་བཤད་གནང་བ་དང་ཁུལ་དཔོན་དང་ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས་ཡོད།    

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་རྩིས་བཤེར་ཨུ་ལྷན་དང་རྩིས་བཤེར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་།    མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་གྱི་བླང་བྱ་རེ་བ་གཞིར་བཟུང་དཔལ་འབྱོར་ལྟ་རྟོག་གི་གནས་གཏན་འཁེལ་ལ་གཞི་ཚུགས་ནས་དོ་གནད་རྩིས་བཤེར་གཙོ་འགན་གཙོ་ལས་བྱས་ཏེ་ཁུལ་ཡོངས་ཀྱི་རྩིས་བཤེར་ལྟ་སྐུལ་ཀྱི་སྤུས་ཚད་དང་ཕན་ནུས་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་འབྲི་རྒྱུར་རྩིས་བཤེར་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།    

    ཚོགས་འདུའི་ཐོག་ཁུལ་ཨུའི་སྐབས་དགུ་པའི་རྩིས་བཤེར་ཨུ་ལྷན་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་རྩིས་བཤེར་ཨུ་ལྷན་དང་རྩིས་བཤེར་ལས་ཁུངས་གཉིས་ཀྱིས་བདེ་ཆེན་གྱི་དོན་དངོས་དང་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲིབ་སྒྲུབས་ནས་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་དེ་བས་ནུས་ལྡན་དང་།    རྩིས་བཤེར་ལྟ་སྐུལ་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།    རྩིས་བཤེར་བཅོས་སྒྲིག་ཐད་ཕན་འབྲས་མངོན་གསལ་དོད་པོས་ཐོབ་པས།    རང་ཁུལ་གྱི་ཡུན་རིང་བརྟན་བརླིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།    

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་ཚད་མཐོའི་ཐོག་ནས་རྩིས་བཤེར་ལས་དོན་ལ་ངོས་འཛིན་དང་།    ཇུས་འགོད།    སྐུལ་འདེད་བཅས་བྱེད་དགོས།     ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་རྩིས་བཤེར་ལས་དོན་ལ་བརྟེན་ནས་ལྟ་སྐུལ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།     རྩིས་བཤེར་གྱི་ལྡོག་སྐྱེལ་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱ་དགོས།     ལྷག་བསམ་གཙང་ཞིང་འགན་འཁུར་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།  

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན།    རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྩིས་བཤེར་ལས་ཁུངས་ཀྱི་ཁྲིམས་ལྟར་ལྟ་སྐུལ་ཀྱི་འགན་དབང་ལག་ལེན་བསྟར་རྒྱུར་ཆ་རྐྱེན་བཟང་པོ་གཏོད་དགོས།     ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩིས་བཤེར་ལ་མཐོང་ཆེན་དང་།    རྩིས་བཤེར་ལ་སེམས་ཁུར་བྱེད་པ།    རྩིས་བཤེར་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་ཁྲིམས་ལྟར་རང་རྟོགས་ངང་རྩིས་བཤེར་ལྟ་སྐུལ་དང་ལེན་བྱས་ནས་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ཀྱི་འགྲིལ་ཤུགས་སྡོམ་ཤུགས་སྟོབས་ལྡན་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།

ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཁོངས་མི་སྡེ་ཚན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།    

    ཁྲེན་ཆུན་དང་།    དབྱང་ཞུའེ་ཝུན།    ཞའོ་ཞུའུ།    ཀྲོང་ཞའོ་ཕིན།   ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད།