བདེ་ཆེན་དུ་དབྱར་ཁའི་གུང་གསེང་གི་ཡུལ་སྐོར་ཚ་རླབས་འཕྱུར་ཞིང་གསར་བརྗེའི་རིག་གནས་ལ་ཚོན་མདངས་གསར་པ་རྒྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོ་ད་ཡིག་དྲ་བ།

དབྱར་ཁའི་གུང་གསེང་རིང་ཡུལ་སྐོར་གྱི་ཚ་རླབས་ཆེ་རུ་ཕྱིན་པ་དང་བདེ་ཆེན་ཁུལ་གྱིས་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཞིབ་ཚགས་ཀྱིས་བཏོད་པའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་དེ་དར་ཁྱབ་ཆེ་བའི་གདམ་ག་ཞིག་ཏུ་གྱུར་ཡོད།    གསར་བརྗེའི་རིག་གནས་ཀྱིས་ས་གནས་དེ་གའི་དབྱར་ཁའི་གུང་གསེང་ཡུལ་སྐོར་ལ་ཡིད་དབང་འཕྲོག་ཤུགས་གཞན་ཞིག་བསྣན་ཡོད།     

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་སྐབས།    རིག་དངོས་རྩ་ཆེན་དང་གསོན་ཉམས་ལྡན་པའི་པར་རིས་ལས་དམར་དམག་རྒྱང་སྐྱོད་ཀྱིས་བདེ་ཆེན་བརྒྱུད་དུས་དཀའ་ཚེགས་ཆེ་བའི་ལོ་ཟླ་དེ་དང་དམག་དམངས་ལ་བརྩེ་དུང་ཟབ་མོ་བཤད་ཡོད།     དབྱར་ཁའི་གུང་གསེང་རིང་དེ་ནི་ཡུལ་སྐོར་བ་མང་པོ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་དང་སློབ་སྦྱོང་ཚོགས་པ་དང་ཁྱིམ་ཚང་ཡུལ་སྐོར་ལ་འགྲོ་དུས“ཐོ་འགོད་བྱེད་ས་གཙོ་བོ”ཞིག་ཏུ་གྱུར་ཡོད།     དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་ཕན་ཀའོ་ཡོན་གྱིས་དབྱར་ཁའི་གུང་གསེང་ནི་ཡུལ་སྐོར་གྱི་ཚ་རླབས་ཆེ་དུས་ཡིན་པས་དངོས་མང་བཤམས་སྟོན་ཁང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་དང་སྤྱི་པའི་རིག་གནས་ཞབས་ཞུའི་སྒེའུ་ཁུང་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།     ཟླ་7པ་ནས་བཟུང་འགྲུལ་པ་མང་དུ་ཕྱིན་པ་དང་ཉིན་ལྟར་ལྟ་སྐོར་བྱེད་མཁན་མི་ཐེངས་8000ལྷག་ཙམ་ཟིན་ཡོད་པ་རེད།     ཡུལ་སྐོར་བ་རྣམས་ཀྱི་དགོས་མཁོ་སྐོང་ཆེད།    དངོས་མང་བཤམས་སྟོན་ཁང་གིས་ལས་གཉེར་བྱེད་ཡུན་ཇེ་མང་དུ་བཏང་བ་དང་ དུས་མཚམས་ཕྱེས་ནས་སྐད་རིགས་མང་པོའི་འགྲེལ་བཤད་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་།    ལེ་ཧྥེང་དང་བླངས་ཞབས་ཞུ་དང་མེ་གསོད་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་།    འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་འབྲེལ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་བས་བདེ་འཇགས་ངང་ལྟ་སྐོར་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།     གོམ་སྟབས་རྗེས་མར་དངོས་མང་བཤམས་སྟོན་ཁང་གིས་དབྱར་ཁའི་གུང་གསེང་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་གནད་དོན་ལ་དམིགས་ནས་སྒྲིག་བཀོད་དང་དོ་དམ་རིམ་སྤར་བྱས་ནས་ལྟད་མོ་བའི་ཉམས་ལེན་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་བྱུང་།      

དེ་དང་འདྲ་བར་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཇ་རྟ་གནའ་ལམ་དངོས་མང་བཤམས་སྟོན་ཁང་དུ་ཇ་རྟ་གནའ་ལམ་གྱི་ལོ་རྒྱུས་དང་ཚོང་དོན་རིག་གནས་མངོན་ཡོད་པ་མ་ཟད།   རྒྱལ་གཅེས་ཕྱིར་སྡོད་རང་མི་སྐུ་ཞབས་མཱ་ཧྲིག་ཚའེ་ཡིས་སེམས་ལ་མེས་རྒྱལ་བཅངས་པ་དང་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་སེམས་འགུལ་ཐེབས་པའི་བྱས་རྗེས་ཀྱང་གཙོ་གནད་དུ་བཟུང་ནས་བརྗོད་ཡོད།     འགྲེལ་བཤད་པ་ཧོ་སི་ཧེས་ཡིས་བཤད་ན།  དབྱར་ཁའི་གུང་གསེང་རིང་ཇ་རྟ་གནའ་ལམ་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་མཁན་ཆེས་མང་ཞིང་ཉིན་རེར་ཡུལ་སྐོར་བ200ལྷག་ཚུར་ཡོང་ནས་ཇ་རྟའི་གནའ་ལམ་གྱི་གཏམ་རྒྱུད་ལ་ཉན་ཡོད།  ཡུལ་སྐོར་བ་རྣམས་ལ་ཉམས་ལེན་དེ་བས་ལེགས་པ་ཡོང་ཆེད།    དངོས་མང་བཤམས་སྟོན་ཁང་གིས་སྒྲིག་ལམ་སྲུང་སྐྱོང་ནས་འདྲི་རྟོག་སྣེ་སྟོན་དང་ཕྱོགས་ཡོངས་ནས་འགན་སྲུང་ལས་དོན་ཡག་པོ་སྒྲུབས་ཡོད།     ཇ་རྟ་གནའ་ལམ་ལམ་ནས་མངོན་པའི་བསྟུན་མཁས་དང་ མཐུན་སྒྲིལ།    བློ་བརྟན་འགྱུར་མེད་བཅས་ཀྱི་སྙིང་སྟོབས་དང་དེ་བཞིན་སྐུ་ཞབས་མཱ་ཧྲོའུ་ཚའེ་ཡི་ཁྱིམ་ཞེན་རྒྱལ་ཞེན་དེ་དངོས་ཟོག་འགྲེམས་སྟོན་དང་གཏམ་རྒྱུད་བརྒྱུད་སྤྲོད་ལ་བརྟེན་ནས་ལྟ་སྐོར་བ་ཚང་མར་སྤྲད་ཡོད་ཅེས་ཟེར།  

གཏིང་ཟབ་པའི་གསར་བརྗེའི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་དངོས་མང་བཤམས་སྟོན་ཁང་འདི་གཉིས་ནི་བདེ་ཆེན་གྱི་དབྱར་ཁའི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་མངོན་ས་ཞིག་ཏུ་གྱུར་ཡོད་ལ།  གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱས་ཡོད། ལྷག་པར་ ཡུལ་སྐོར་བ་མང་པོ་ཞིག་ནི་གངས་ལྗོངས་མཐོ་སྒང་གི་གསར་བརྗེའི་དྲན་ཤེས་ཁྲོད་ཡིད་སེམས་འཐིམ་ཡོད།