ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་135པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ།

     ཟླ་8ཚེས་20ཉིན་ཀྱི་ཕྱི་དྲོར། ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་135འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ལས་དོན་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཞིབ་འཇུག་བྱས་ལ།རང་ཁུལ་ལག་བསྟར་ལས་དོན་བྱས་པ་རེད།    

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།    

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་ཀྱི་སྒྲིག་ཁོངས་ལས་དོན་སྐོར་གནང་བའི་མུ་འབྲེལ་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ལས་ཡུན་ལྡོག་སྒྲིགགྱི“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་རྩ་གནད་དང་འབྲེལ་ཡོད་ཆེད་དམིགས་འཆར་འགོད་ཀྱི་སྒྲིག་གྲངས་སྒྲིག་ཁོངས་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་དང་། རང་འགུལ་ངང་སྲིད་ཇུས་ཞིབ་འཇུགདང་། རྣམ་གྲངས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་ཕྱེ་ནས་ཐབས་ཇུས་འདྲི་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  གནས་ཚུལ་གསལ་པོ་ཤེས་རྟོགས་དང་།  གནད་དོན་གནད་ལ་འཁེལ་བ།  དམངས་འདོད་ཁོང་དུ་ཆུད་པ་བཅས་བྱས་ནས་འཆར་འགོད་ཚན་རིག་དང་དམངས་གཙོའི་འགན་ལེན་བྱེད་དགོས་པ་ནན་བཤད་བྱས།    

    ཚོགས་འདུའི་ཐོག་འབྲུག་འགོག་གྱི་གནོད་སྐྱོབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“དགོས་ངེས་དྲུག་”གི་ལས་ཀའི་བླང་བྱར་གཞིར་བཟུང་ནས། སྟེས་དབང་གི་བསམ་པ་དང་ལྷོད་གཡེང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་འབྲུབ་འགོག་གི་བྱ་ཐབས་ཁག་ཞིབ་ཚགས་དམ་འཛིན་བྱས་ནས་བདེ་འཇགས་ངང་འབྲུབ་འགོག་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་།    

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ལྟ་སྐུལ་ཏན་ཏིག་བྱས་ཏེ། རྒྱུན་མཐུད་གྱིས་བདེ་ཆེན་གྱི་ཆབ་སྲིད་ཀྱི་སྣང་ཚུལ་གཙང་འདོན་ལེགས་སུ་འགྲོ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱོད་གཙང་ཡུན་ནན་འཛུགས་སྐྲུན་བདེ་ཆེན་གྱི་ལག་ལེན་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། “དེང་རབས་ཅན་གསུམ་འགྱུར་”འཛུགས་སྐྲུན་ལོའི་བྱ་སྤྱོད་དངོས་ཐོག་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་སྐས་རིམ་གསར་པ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་།    

    ཚོགས་འདུའི་ཐོག་རྒྱུན་མཐུད་གྱིས་ཐོན་ཁུངས་གྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། བདེ་ཆེན་གྱི་ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་གཞི་ཚུགས་ནས་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་འབྲེལ་ཐག་ཁ་གསབ་དང་འབྲེལ་ཐག་སྟོབས་ཆེར་གཏོང་བ་གཏིང་ཟབ་ཏུ་གཏོང་བ། སྤུས་ལེགས་ཀྱི་རིགས་རྫས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒུན་འབྲུམ་དང་ཀྲུང་ལུགས་བོད་ལུགས་སྨན་རྫས་སོགས་ཐོན་ལས་ཁྱད་ལྡན་པ་དང་སྤུས་ལྡན་དུ་བཏང་བཏང་ཏེ་ཐོན་ལས་ཀྱི་རིན་ཐང་འཕར་རྒྱུ་དང་། ཁེ་ལས་གྱི་ཕན་འབྲས་ཐོན་པ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་།    

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་ལས་དོན་གནས་ཚུལ་སྙན་ཞུ་ཉན་པ་སྟེ། “ཀླད་ཀོར་དུ་འཇོག་པའི”སེམས་ཁམས་ཐོག་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། “དོ་དམ་གསུམ་དང་ངེས་པར་གསུམ་”གྱི་ལས་ཀའི་བླང་བྱ་ནན་ཏན་དོན་འཁྱོལ་བྱས་ཏེ། འགན་འཁྲི་ལྷུ་ཚིགས་རེ་རེ་དང་ལས་གནས་ཚང་མར་དོན་འཁྱོལ་བྱས་ཏེ་གཙོ་གནད་མངའ་ཁོངས་དང་མེ་གསོད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས།ཉེན་ཁའི་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས་པ་ནན་བཤད་གནང་པ་རེད།    

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་གནས་ཚུལ་སྙན་ཞུ་ཉན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་དོན་ཁག་གི་གཙོ་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་ཁོངས་ཡོངས་ཀྱི་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་རྒྱུན་མཐུད་དང་། ལུས་རྩལ་དང་རིག་གནས་ཡུལ་སྐོར་ཀྱིམ“འབྲེལ་བ་གསུམ་པའི”ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ། མི་རིགས་ལས་དོན་གྱི་ནུས་པ་དང་མཐོར་འདེགས་ཆུ་སྙོམས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་དཔེ་མཚོན་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།  

    ཚོགས་འདུའི་ཐོག་དེང་སྐབས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི《ཏང་ཨུ་(ཏང་ཙུའུ)ཀྱི་གཏན་འབེབས》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འགན་འཁྲིའི་གསལ་ཐོ་འཐུས་ཚང་དུ་གཏོང་བ། རང་བཤེར་རང་བརྟག་བྱས་པ་བརྒྱུད་ཧེ་བག་དང་ཞན་ཆ་འཚོལ་བ། ལས་ཀའི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ། “འཐབ་ཕྱོགས་གཅིག་གྱུར”གྱི་ལས་ཀའི་རྣམ་པ་བཟོ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་།    

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་བྱས་པ་རེད།