ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》ལ་གཟིགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཝང་ཧུའུ་ཉིང་དང་ཚའེ་ཆི་ལྷན་དུ་ཕེབས་པ།

    ཚེས་20ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ཟློས་གར་ཁང་ཆེན་དུ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པས་ཁེངས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》འདི་གར་འཚོག་བཞིན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

    མཚན་ཚོགས་དེ་གླུ་གར《ཐུགས་རྗེ་ཆེ》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། ཁྱོན་ལེའུ་གསུམ་ཡོད་པ་དང་། མཚན་ཚོགས་ཀྱི་འགོ་ནས་མཇུག་བར་བརྩེ་བས་ཕྱུག་ཅིང་ལྟད་མོ་ངོ་མཚར་ཆེ་བ་དེ་ལས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་མངོན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཟོལ་མེད་ཀྱི་བརྩེ་བའང་མཚོན་ཡོད།

    ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། ཀྲང་ཧྲེང་མིན་བཅས་དང་། བོད་དུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་    ཚན་གྱི་འགན་འཁུར་བློ་མཐུན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།