བདེ་ཆེན་གྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་འབྲེལ་མཐུད་ནུས་ལྡན་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱས་ཡོད་པ་རེད།

        རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་དབུལ་ལོག་སྔོན་འགོག་གི་སྔོན་ཚུད་ཉེན་བརྡ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་སྤེལ་བ།  2024ལོར་བདེ་ཆེན་ཁུལ་གྱིས་ཞིང་དུད་80954ཡོངས་སུ་ཁྱབ་པའི་གཅིག་སྡུད་ཞིབ་བཤེར་ལེགས་གྲུབ་བྱུང་བ་དང་དུད་ཚང་109དང་མི་396གི་ཉེན་ཁ་སེལ་ཡོད་པ་རེད།  མིག་སྔའི་བར་དུ་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱོན་བསྡོམས་དུད་ཚང་2260དང་མི་7953གཏན་ཁེལ་བྱས་ཡོད་པ་དང་། སྲིད་གཞུང་རོགས་སྐྱོབ་ལས་སྟེགས་སུ་རེ་ཞུ་བྱས་པའི་རོགས་སྐྱོབ་ཀྱི་ཞབས་ཞུའི་དོན་ཚན་749བདག་སྤྲོད་བྱས་པ་དང་གྱོད་གཞི་739ཐག་གཅོད་བྱས་ཡོད།  ཁུལ་ཡོངས་སུ་དབུལ་ལོག་དབུལ་ཕོངས་བྱ་ཡུལ་དུད་ཚང་གཅིག་ཀྱང་ཐོན་མེད།

        འགན་ལེན་གསུམ་དང་འཐུང་ཆུའི་བདེ་འཇགས་གོམ་སྟབས་བརྟན་པོའི་ངང་གོང་དུ་འཕར་ཡོད།  སློབ་གསོའི་ཐད། ལོ་ངོ་15རིང་གི་གླ་ཡོན་མི་དགོས་པའི་སློབ་གསོ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་དུས་ཐོག་ཏུ་འབྲེལ་ཡོད་མ་དངུལ་དང་ཁ་གསབ་རོགས་དངུལ་གྲངས་འབོར་འདང་ངེས་ལྟར་དངུལ་སྤྲོད་པ། རྒྱུན་ལྡན་ཅན་གྱི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་པ་དང་འོས་འགན་སློབ་གསོ་དུས་མཚམས་ཀྱི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་གྲྭར་འགྲོ་མཚམས་ཆད་པའི་སློབ་མ་སྐབས་བསྟུན་གཙང་བཟོ་མངོན་གྱུར་བྱུང་བ།   སྨན་བཅོས་ཐད། “སྔོན་ལ་སྨན་བཅོས་བྱས་པ་དང་། རྗེས་སུ་དངུལ་སྤྲོད་པ”དང་“གཅིག་གྱུར་ཅན”གྱི་དུས་ཐོག་བསྡོམས་རྩིས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནད་རིགས་36གི་ནད་ལྕི་དབུལ་སྒྲོལ་ནད་པར་སྨན་བཅོས་བྱེད་ཚད་100%ཟིན་པ་དང་། དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱིས་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད།  སྡོད་ཁང་ཐད། ཞིང་ཁང་ཡོམ་འགོག་བསྒྱུར་བཀོད་དུད་ཚང་4093དང་ཉེན་ཡོད་ཁང་པ་197བསྒྱུར་བཀོད་ལག་བསྟར་བྱས་ནས་སྡོད་ཁང་བདེ་འཇགས་གནད་དོན་སྐབས་བསྟུན་གཙང་བཟོ་བྱས་ཡོད།  འཐུང་ཆུའི་ཐད།  གྲོང་གསེབ་ཆུ་སྤྲོད་འགན་སྲུང་རྣམ་གྲངས་33ལག་བསྟར་བྱས་ནས་མི་ཁྲི་1.65ཡི་འཐུང་ཆུ་ལེགས་སུ་བཏང་བ་དང་གྲོང་གསེབ་ཀྱི་རང་འབབ་ཆུ་ཁྱབ་གདལ་བྱེད་ཚད་93.60%ཟིན་ཡོད།

        ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ཡོད།  2024ལོར།  བདེ་ཆེན་ཁུལ་གྱིས་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་6.56བཞག་ནས་ཐོན་ལས་དར་འཕེལ་དུ་སྤྱད་པ་དང་།  གཉེར་སྐྱོང་བྱེད་པོ་གསར་པ་360ཡིས་དབུལ་སྒྲོལ་དུད་ཚང་དང་ཡོང་འབབ་དམའ་བའི་མི་སྣ་མང་པོ་ཞིག་གི་ཡོང་འབབ་མང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས་ཐོན་ལས་རོགས་སྐྱོད“གཉིས་འབྲེལ”ཡོངས་སུ་ཁྱབ་པར་མངོན་གྱུར་བྱུང་བ།  ཐོ་འགོད་དོ་དམ་ལས་ཞུགས་རོགས་སྐྱོར་འཁོར་ཁང་41མང་དུ་བཏང་བ་དང་། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་786ལས་ཞུགས་བསྡུ་ལེན་བྱས་པ། སྤྱི་ཕན་ལས་གནས་མི་ཐེངས་ཁྲི་2.3གསར་སྤེལ་བྱས་པ་དང་། ལོ་འཁོར་དུ་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཁྲི་3.63གནས་སྒྱུར་ལས་ཞུགས་མངོན་གྱུར་བྱུང་།  འགྲིམ་འགྲུལ་གྱི་ཁ་གསབ་བརྗེ་སྤྲོད་ཐད་ཞིང་ཆེན་ལས་བརྒལ་བའི་ལས་བཟོ་དང་ཞིང་ཆེན་ནང་ཁུལ་གྱི་ཁུལ་ལས་བརྒལ་བའི་ལས་བཟོ་ལ་ཐེངས་གཅིག་གི་འགྲིམ་འགྲུལ་ཁ་གསབ་བརྗེ་སྤྲོད་བྱེད་ཚད་100%ཟིན་ཡོད་པ་རེད།

        རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་བྱས་ཡོད།  2024ལོར།  སྦྲང་ཆར་འཆར་གཞིའི་རོགས་དངུལ་དུས་ཐོག་ཏུ་བརྗེ་སྤྲོད་བྱས་པ་དང་།  གྲངས་ཉུང་ཡིད་རྟོན་དངུལ་བུན་དང་“དམངས་ཕྱུག་དངུལ་བུན་”གྱི་མ་དངུལ་མང་པོ་གསར་དུ་བསྣན་ཡོད།  ཁུལ་ཡོངས་ཀྱིས་གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་959གསོ་སྐྱོང་ལ་མཛུབ་ཁྲིད་དང་གཏན་འཁེལ་བྱས་པ་དང་།        གྲོང་གསེབ་ཀྱི་བཟོ་པ་20གསོ་སྐྱོང་བྱས་པ་རེད།  2024ལོར་རང་ཁུལ་གྱི་དབུལ་སྐྱོར་རྫོང་དང་གྲོང་ཁྱེར་གྱི་གྲོང་གསེབ་གཏན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་ཕྱིན་ཡོད་པ་རེད།

        ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  བདེ་ཆེན་ཁུལ་གྱིས་ཧྲང་ཧའེ་དང་ཞིང་ཆེན་ནང་ཁུལ་གྱི་དམིགས་འཛུགས་རོགས་སྐྱོར་ས་ཁུལ་དང་དེ་བཞིན་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཚོགས་པ་དང་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བྱས་པ་དང་།  2024ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི་17314ལག་ཏུ་འབྱོར་བ་དང་རོགས་སྐྱོར་རྣམ་གྲངས་28ལག་བསྟར་བྱས་པ།  འཛད་སྤྱོད་རོགས་སྐྱོར་སྒོར་ཁྲི་7448ལེགས་གྲུབ་བྱུང་ཡོད་པ་རེད།