རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་ལྟར་གྱི་ཟླ་6པ་ནས་ཟླ་9པའི་བར་ནི་སེམས་ཀྱི་ཉི་ཟླའི་བེ་ཤ་ཁྲོམ་རར་ཐོན་པའི་དུས་ཚིགས་ཡིན་ལ། འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་དོན། ད་ལོའི་ཟླ་7པའི་ཟླ་འགོ་ནས་ལྡིང་འགོ་ཚུགས་པའི་ཧྲུན་ཧྥུང་བེ་ཤའི་ཟོག་འདྲེན་གནམ་གྲུ་ཟླ་8པའི་ཚེས་13་ཉིན་བར་ཐེངས་48སྐྱེལ་འདྲེན་བྱས་ཡོད་པ་དང་། ཟོག་སྦྲག་གི་འདོན་འཇུག་ཚད་ཏུན་469.938དང་། ན་ནིང་གི་དུས་མཚུངས་ལས་10.68%འཕར་བ། ཁུན་མིང་བརྒྱུད་ནས་བརྒྱུད་སྤྲོད་བྱས་པའི་དངོས་ཟོག་ཏུན་219.733བཅས་ཡོད་པ་རེད། “མཁའ་དབྱིངས་ཀྱི་ཟམ་པ་”འདིས་ཕན་ནུས་ཆེ་བ་དང་བརྟན་ལྷིང་གི་སྐྱེལ་འདྲེན་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་ལ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཁྲོམ་ར་རུ་བསྐྱོད་པའི་ཤར་སྐྱོད་འགྲོ་ལམ་བསྐྲུན་ཡོད།
བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དེ་རྒྱལ་ཡོངས་ཀྱི་བེ་ཤའི་ཟོག་འདྲེན་གནམ་གྲུ་ཤར་གཏོང་ཐུབ་མཁན་གྱི་གནམ་ཐང་ཟུར་ཐིག་གཅིག་པོ་ཡིན་པའི་ཆ་ནས་ལོ་བཞི་རིང་གསོ་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། མཁའ་འགྲུལ་སྐྱེལ་འདྲེན་གྱི་ཕན་ནུས་ཆེ་ཞིང་མགྱོགས་མྱུར་གྱི་དགེ་མཚན་རྒྱུན་མཐུད་ངང་མངོན་ཡོད་པ་དང་། ཤུགས་རྐྱེན་གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2024ལོར་ཟོག་འདྲེན་གནམ་གྲུའི་འཕུར་ཐེངས་ཐེངས་80ཟིན་པ་དང་། ཟོག་སྦྲག་གི་འདོན་འཇུག་ཚད་ཏུན་665ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་དང་དུས་མཚུངས་སུ་ཉིན་40རིང་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་པའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།