ཀའོ་ཡུང་ཞང་། | ལྷག་བསམ་རྣམ་དག་གིས་རི་ཀླུང་སྲུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཀན་སུའུ་ཞིང་ཆེན་ཕིང་ལིའང་གྲོང་ཁྱེར་ལིང་ཧྲན་རྫོང་ཝང་ཅ་ཀྲོང་གྲོང་ཚོའི་ཐང་ཆེན་དུ། ལུས་ཕྱེད་སྐུ་གཟུགས་ཞིག་ལྷིང་འཇགས་ངང་ལངས་པ་དང་མིག་མདངས་བརྟན་པོ་དང་དཔའ་བོའི་སྙིང་སྟོབས་རྒྱས།  འདི་ནི་ས་གནས་དེ་གའི་ཁྱིམ་ཚང་ཀུན་དུ་ཁྱབ་པའི་ཀའོ་ཡུང་ཞང་ཡིན། ཁོང་གིས་གསར་བརྗེ་ལ་བློ་དཀར་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་བྱས་རྗེས་ད་ལྟའི་བར་དུ་ཡུལ་མི་ཚོས་བསྟོད་བསྔགས་བྱེད་བཞིན་ཡོད།    

    ཀའོ་ཡུང་ཞང་གི་ཐོག་མའི་མིང་ལ་ཀའོ་ཚང་ཀུའེ་ཟེར། 1912ལོར་ཀན་སུའུ་ལིང་ཐའེ་རུ་འཁྲུངས།  ཁྱིམ་དུ་མི་རབས་ནས་མི་རབས་ཞིང་ལས་བྱེད་ཀྱི་ཡོད་པས་འཚོ་བ་དབུལ་པོ་ཡོད་མོད། འོན་ཀྱང་ཁོང་ནི་ཆུང་དུས་ནས་སྤྱང་གྲུང་ལྡན་པ་དང་། ཨུ་ཚུགས་ཆེ་བ། བློ་རྒྱ་ཆེ་བ་བཅས་ཡིན། 

     1931ལོའི་དཔྱིད་ཀར། ཀའོ་ཡུང་ཞང་གོ་མིན་ཏང་གི་དམག་དཔུང་ལམ་26པ་དང་མཉམ་དུ་ཅང་ཞིའི“གུང་ཁྲན་འགོག་པའི”གཡུལ་སར་སོང་། དེའི་རིང་དམར་དམག་གི་སྒྲིག་ཁྲིམས་ནན་པོ་ཡོད་པ་དང་གོ་མིན་ཏང་གི་དམག་དཔུང་གིས་མི་སེར་ལ་གཉའ་གནོན་བྱས་པ་དངོས་སུ་མཐོང་བ་དང་བསྡུར་ན་ཁོང་གི་བསམ་བློ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།    

    ལོ་དེའི་ཟླ12པར།  ཀའོ་ཡུང་ཞང་ཉིང་ཏུའུ་འོས་ལངས་ལ་ཞུགས་པ་དང་དམར་དམག་ནང་ཞུགས་ནས་དམར་དམག་དཔུང་ཚོགས་ལྔ་པའི་བརྒྱ་དཔོན་གྱི་འགན་བཞེས། མི་རིང་བར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།  དེ་རྗེས་ཁོང་ཡང་ཀྲུང་དབྱང་སུའུ་ལེན་ས་ཁུལ་སྲུང་སྐྱོབ་བྱེད་པའི་“མཐའ་སྐོར་བཅོམ་”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐེངས་བཞི་པ་དང་ལྔ་པར་ཞུགས་པ་དང་། དམག་འཐབ་སྤོབས་པ་ཆེན་པོ་བྱུང་བས། སྔ་རྗེས་སུ་ཡིང་ཀྲང་དང་མདའ་དཔོན་དུ་གོ་གནས་འཕར་བ་རེད།    

    ཀའོ་ཡུང་ཞང་གིས་ཀྲུང་གོའི་མི་དམངས་རི་འགོག་དམག་དོན་ཆབ་སྲིད་སློབ་ཆེན་དུ་སློབ་སྦྱོང་བྱས་རྗེས་ཧྲན་ཤིས་ཐའེ་ཡོན་དུ་རི་འགོག་ངེས་མེད་རྒོལ་རྡུང་གི་རྐང་འཛིན་གསོ་སྦྱོང་བྱེད་པར་མངགས། དེའི་རིང་ཁོང་གིས་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ཏེ་རི་འགོག་དྲག་ཆས་རྒྱ་ཆེར་གཏོང་བ་དང་ཏང་གི་རྩ་འཛུགས་འཛུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད།  “ཅིན་ཞི་དོན་རྐྱེན་”ཁྲོད། ཡན་ཞི་ཧྲན་གྱིས་དམག་དཔུང་ཚབས་ཆེན་གྱིས་བསྐོར་རྒོལ་བྱེད་པའི་མདུན་དུ་ཀའོ་ཡུང་ཞང་གིས་ཉེན་ཁའི་མདུན་དུ་ཟིང་འཁྲུག་མེད་པར་མངའ་འོག་སྣེ་ཁྲིད་ནས་བསྐོར་ཚབས་ཆེན་ལས་ཐར་བ་དང་ཧྲན་ཞི་ནུབ་བྱང་དུ་སྤོས་ཏེ། ཏང་དང་མི་དམངས་ལ་མཐོང་ཆུང་བྱེད་མི་རུང་བའི་རི་འགོག་དྲག་ཆས་སྟོབས་ཤུགས་ཞིག་ཉར་ཚགས་ཞིག་བྱས་ཡོད།    

    1940ལོའི་ཟླ་2པར། འཇར་པན་དམག་གི་ཀའོ་ཆའོ་རུ་ཆེན་གྱིས་ཧྲན་ཞི་ཞིང་ཆེན་ཝུའུ་ཀྲའེ་རྫོང་ཏ་ཅུས་ཧུའེ་གྲོང་ཚོར་རང་དམག་གི་རྟ་དམག་བརྒྱ་ཤོག་ཞིག་བསྐོར་བ་དང་མདའ་ཤོག་ཨང་36པ་བཀའ་ལྟར་རོགས་སྐྱོར་བྱས།  ཀའོ་ཡུང་ཞང་གིས་ཐོན་དེའི་ཡིང་གཉིས་པར་བཀོད་འདོམས་བྱས་ནས་དགྲ་བོའི་རྡེབ་པ་ཐེངས་གསུམ་ཕམ་པར་བྱས་པ་རེད།    

    བློ་ཕམ་དགོས་པ་ཞིག་ལ། ཀའོ་ཡུང་ཞང་གིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དངོས་སུ་མཐོང་མ་ཐུབ། 1945ལོའི་ཟླ་7པར། ཀའོ་ཡུང་ཞང་གིས་མདའ་ཤོག་ཨང་36པ་དང་ཡུལ་དམག་སྣེ་ཁྲིད་ནས་ཧྲན་ཤིས་ཞིང་ཆེན་ཧྲེན་ཁྲི་རྫོང་བཅིངས་འགྲོལ་གཏོང་རྒྱུའི་གྲ་སྒྲིག་བྱས། འཐབ་འཛིང་ཁྲོད། དགྲ་བོའི་རྩ་འཛུགས་ཚོགས་ཁག་གིས་ཀའོ་ཡུང་ཞང་གནས་པའི་བཀོད་འདོམས་སུའོ་ལ་ཐད་ཀར་ཕྱོགས་ཏེ་མདུན་སྐྱོད་བྱས་པ་དང་། ཀའོ་ཡུང་ཞང་གིས་ལས་ཁུངས་ལས་བྱེད་པ་དང་སྐུ་སྲུང་མི་སྣ་སྣེ་ཁྲིད་ནས་དགྲ་བོ་དང་གྲི་དཀར་གྱིས་འཐབ་འཛིང་བྱས། འཐབ་འཛིང་དྲག་པོ་བྱེད་སྐབས་ཁོང་གི་ལུས་ལ་རྨས་སྐྱོན་ཚབས་ཆེན་ཁུར་ཞིང་། རྒྱབ་ཁྲག་མང་པོ་བཞུར་ནས་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱས་པ་རེད།  

    ཀའོ་ཡུང་ཞང་གི་མྱ་ངན་ཚོགས་ཆེན་ཐོག་ཅིན་སུའེ་དམག་ཁུལ་ཡན་ལག་གཉིས་པའི་སི་ལིང་ཞུས་ཀོང་ཏ་ཡིས་ཀའོ་ཡུང་ཞང་གི་མི་ཚེ་གང་བོར་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་གིས་མི་དམངས་ལ་བཞག་པའི་བྱས་རྗེས་ཕུལ་དུ་བྱུང་བར་དྲན་གསོ་ཞུ་ཆེད། ཝུའུ་ཀྲའེ་རྫོང་ཧེང་ཧྲན་གྲོང་ཚོའི་མིང་ཡུང་ཞང་གྲོང་ཚོར་བསྒྱུར་བ་དང་ཧེང་ཧྲན་གྱི་མིང་ཡུང་ཞང་ཧྲན་ལ་བསྒྱུར་བ་རེད།    ཀྲུང་གུང་ལིང་ཐའེ་ལས་དོན་ཨུ་ལྷན་དྲན་གསོའི་ཁང་གི་ཀའོ་ཡུང་ཞང་ཆེད་དོན་འགྲེམས་ཁང་དུ་མང་ཚོགས་ཀྱིས་རང་འགུལ་ངང་ཕུལ་བའི་མེ་ཏོག་སླེ་བོ་ཀའོ་ཡུང་ཞང་གི་འདྲ་པར་འགྲམ་དུ་བཞག་ཡོད།    

    རྒྱུད་འཛིན་གྱི་མེ་རྫོགས་རྒྱུ་མེད། དམར་པོའི་སྙིང་སྟོབས་སྔར་ལས་ལེགས་པར་དར་སྤེལ་གཏོང་ཆེད། ས་གནས་དེ་གའི་སློབ་གྲྭས་རྟག་ཏུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྒྲིག་འཛུགས་བྱས་ནས་དྲན་གསོའི་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱས་ཏེ་ཀའོ་ཡུང་ཞང་གི་བྱས་རྗེས་དང་དཀའ་སྤྱད་འབད་བརྩོན་གྱི་ལོ་ཟླ་དེ་ཤེས་རྟོགས་བྱེད་པ་དང་། སློབ་མ་མི་ཉུང་བ་ཞིག་གིས་རང་འགུལ་ངང་ཀའོ་ཡུང་ཞང་འགྲེམས་ཁང་གི“གོང་དཀྲིས་དམར་པོའི་དང་བླངས་པ”བྱེད་རྒྱུའི་རེ་ཞུ་བྱས་ཡོད།    

    “ཀའོ་ཡུང་ཞང་གསར་བརྗེའི་ལས་དོན་བྱ་གཞག་ལ་བློ་དཀར་ཞིང་ཁོང་གི་དཔའ་ངར་ལྡན་པའི་བྱས་རྗེས་ཀྱིས་ལིང་ཐའེ་མི་རབས་ནས་མི་རབས་བར་དམར་པོའི་ཁྲག་རྩ་རྒྱུད་འཛིན་དང་རྒྱལ་གཅེས་བརྩེ་སེམས་འཛུགས་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་གསོ་སྐྱོང་བཅས་ལ་སྐུལ་མ་གཏོང་གི་ཡོད”ཅེས་དྲན་གསོའི་ཁང་གི་འགོ་འཛིན་གཞོན་པ་པའེ་ཧྲོང་ཧུང་གིས་བཤད།