ཡུན་ནན་པདྨ་རི་བོ་སྲུང་སྐྱོང་ཁུལ་གྱི་བརྩམས་ཆོས་གཉིས་ལ་བྱ་དགའ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  སྐབས་གསུམ་པའི་“ལྗང་མདོག་མཛེས་སྡུག་ལྡན་པའི་ཡུན་ནན་དུ་བྱ་དངོས་ཡོད་དགུ་སྐྱེ་”གཟུགས་བརྙན་བརྩམས་ཆོས་ཀྱི་བསྡུ་རུབ་བྱེད་སྒོའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་།   ཡུན་ནན་པདྨ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་ཆུ་འཛོམས་སྒང་སྐྱེ་ཁམས་གནས་ངེས་ལྟ་ཞིབ་ས་ཚིགས་ཀྱིས་བདམས་པའི་བརྙན་ཐུང་《 བརྟན་སྲུང་།   ཁ་བ།》 ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་པར་ལེན་བརྩམས་ཆོས་《 བྱ་རྒོད་སུག་པ་》 ལ་རྩི་ཤིང་ཚོགས་ཆུང་གི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།

        བྱེད་སྒོ་དེ་ནི་ཡུན་ནན་ཞིང་ཆེན་ནགས་ཚལ་བྱེད་སྒོར་དོ་ཁུར་བྱེད་པའི་རྩ་འཛུགས་ཨུ་ལྷན་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས།  ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་གཙོ་སྒྲུབ་བྱས་པ་དང་།  ཁྱོན་བརྩམས་ཆོས་ཆིག་སྟོང་བསྡུ་རུབ་བྱས་ཡོད་ལ།  མཐར་པར་ལེན་བརྩམས་ཆོས་144་དང་བརྙན་ཐུང་16བྱ་དགའ་ཐོབ་པ་རེད།  བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་ཟླ་8པའི་ཚེས་15ཉིན་ནས་ཟླ་9པའི་ཚེས་2ཉིན་བར་ཡུན་ནན་རྩོམ་རིག་སྒྱུ་རྩལ་ཁང་གི་ཐོག་བརྩེགས་གསུམ་པར་འགྲེམས་སྟོན་བྱེད་རྒྱུ་རེད།

        ཐེངས་འདིར་བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་གཉིས་ཀྱི་རྩོམ་པ་པོ་ཀྲང་ཕེང་ཝན་ནི་ཆུ་འཛོམས་སྒང་སྐྱེ་ཁམས་གནས་ངེས་ལྟ་ཞིབ་ས་ཚིགས་ཀྱི་ས་ཚིགས་འགོ་འཛིན་གཞོན་པ་ཡིན་ལ།  ལས་ཀའི་ཞོར་ཁོང་གིས་ད་དུང་དངོས་བཤུས་གློག་བརྙན་གྱི་འཁྲབ་ཁྲིད་པ་དང་སྐྱེ་ཁམས་གྱི་པར་ལེན་པའི་འགན་འཁུར་ནས་ཐོག་མཐའ་བར་གསུམ་དུ་ཐོབ་ཐང་སྣ་མང་ཐོག་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ལག་ལེན་བསྟར་བཞིན་ཡོད།

        ཐེངས་འདི་བྱ་དགའ་ཐོབ་པའི་བརྙན་ཐུང་《བརྟན་སྲུང་། ཁ་བ།》  ནི་ཞིབ་ཚགས་པའི་པར་གཞིའི་གོ་དོན་ཐོག་ནས་པདྨ་རི་བོ་ནགས་སྲུང་པས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཉིན་རྒྱུན་ཟིན་ཐོར་བཀོད་ཡོད། པར་ལེན་བརྩམས་ཆོས་《བྱ་རྒོད་སུག་པ་》ཆེད་བྲིས་ཆེད་བཀོད་ཀྱི་ལྟ་ཕྱོགས་ཐོག་ནས་ས་མཐོའི་སྐྱེ་དངོས་རྩ་ཆེན་གྱི་ཐུན་མོང་མ་ཡིན་པའི་དབྱིབས་རྣམ་དེ་བཟུང་བ་དང་སྤུ་ཅན་གྱི་ཐུམ་ལྷེབ་ནི་གངས་ལྷ་མེ་ཏོག་དང་འདྲ་བར་འཕྲེད་རྒྱུག་རི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

        ཀྲང་ཕེང་ཝན་གྱིས་མ་འོངས་པར་མུ་མཐུད་ནས་པར་ཤེལ་ལ་བརྟེན་ནས་པདྨ་རི་བོའི་སྐྱེ་ཁམས་འཕོ་འགྱུར་ཟིན་ཐོར་བཀོད་ནས་ལྗང་མདོག་དང་མཛེས་སྡུག་ལྡན་པའི་ཡུན་ནན་གྱི་འདུ་ཤེས་མིའི་སེམས་ལ་ཟུག་ཏུ་འཇུག་རྒྱུ་ཡིན་ཞེས་བསྟན།