རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8ཚེས་19ཉིན་གྱི་ཕྱི་དྲོར།སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་བཞི་པ)སྟེ། “འཛམ་གླིང་གི་‘སེམས་ཀྱི་ཉི་ཟླར’བྱེས་སུ་སྡོད་” “བརྙན་འཐུང་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྐོར་ལམ་ལ་འགྲོ་” “སེམས་ཀྱི་ཉི་ཟླའི་ཆང་ཁང་གི་ཡུལ་སྐོར་སྐོར་ལམ་” “ཨེ་ཤེ་ཡ་ཤར་ལྷོ་དང་། ཤང་ཀང་དང་ཐའེ་དབན་གྱི་ཚོང་པ་སེམས་ཉི་ཟླར་ཡུལ་སྐོར་བྱེད་པ་”སོགས་ལ་དར་ཆ་སྤྲོད་པའི་མཛད་སྒོ་སྤེལ།
“འཛམ་གླིང་གི་‘སེམས་ཀྱི་ཉི་ཟླར’བྱེས་སུ་སྡོད་” “བརྙན་འཐུང་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྐོར་ལམ་ལ་འགྲོ་”“སེམས་ཀྱི་ཉི་ཟླའི་ཆང་ཁང་གི་ཡུལ་སྐོར་སྐོར་ལམ་”“ཨེ་ཤེ་ཡ་ཤར་ལྷོ་དང་། ཤང་ཀང་དང་ཐའེ་དབན་གྱི་ཚོང་པ་སེམས་ཉི་ཟླར་ཡུལ་སྐོར་བྱེད་པ་”སོགས་ལ་དར་ཆ་སྤྲོད་པའི་མཛད་སྒོའི་སྟེང་། ལུའོ་ཁྲའོ་ཧྥེང་དང་། ཀྲང་ཝེ་ཏུང་། ལི་ཡན་ལན། མེའོ་ཡིའུ་ཧྥ། དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མཁན་བཅས་ཀྱིས་ཉམས་ལེན་བྱེད་སྒོ་ཁག་དང་པོའི་སྣེ་ཁྲིད་རུ་ཁག་ལ་དར་ཆ་སྤྲད་པ་རེད།
དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་གློག་རྡུལ་བརྙན་འཕྲིན་བརྒྱུད་ནས་“འཛམ་གླིང་གི་‘སེམས་ཀྱི་ཉི་ཟླར’བྱེས་སུ་སྡོད་” “བརྙན་འཐུང་དང་མཉམ་དུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྐོར་ལམ་ལ་འགྲོ་” “སེམས་ཀྱི་ཉི་ཟླའི་ཆང་ཁང་གི་ཡུལ་སྐོར་སྐོར་ལམ་” “ཨེ་ཤེ་ཡ་ཤར་ལྷོ་དང་ཤང་ཀང་དང་ཐའེ་དབན་གྱི་ཚོང་པ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྐོར་ལམ་” “ཨེ་ཤེ་ཡ་ཤར་ལྷོ་དང་། ཤང་ཀང་དང་ཐའེ་དབན་གྱི་ཚོང་པ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པ་”ཞེས་པའི་ཉམས་ལེན་བྱེད་སྒོ་ཁག་དང་པོ་སྤེལ་ནས་གླེང་སྟེགས་ཀྱི་ཡུལ་སྐོར་རིག་གནས་ཉམས་ལེན་དང་། མཉམ་ལས་སྤེལ་རེས་ཀྱི་འགྲུལ་བཞུད་གསར་པ་ཞིག་དངོས་སུ་འགོ་བརྩམས་པ་རེད།
སྔ་དྲོ་རིགས་གཅིག་མཁས་ཅན་གྱིས་གྲོས་བསྡུར་བྱས་པའི་བསམ་གཞིག་གཏིང་ཟབ་བྱེད་པ་ནས་ཕྱི་དྲོའི་ཐོན་ལས་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་བྱེད་པའི་དངོས་སྒྲུབ་ཐབས་ལམ། དེ་ནས་གཅིག་སྡུད་ཀྱིས་གན་རྒྱ་འཇོག་པ་དང་ཐོག་མའི་མཛད་སྒོ་ལག་བསྟར་བྱེད་པའི་བར། སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་བཞི་པ)ཀྱི་གོམ་པ་རེ་རེ་ལ“ཡུན་ནན་གྱི་འཚོ་བ་རོལ་སྟངས་ཞེས་པ་སྟེ། འཛམ་གླིང་གི‘སེམས་ཀྱི་ཉི་ཟླའི’མངོན་མཚོན་ཅན་གྱི་ལག་ལེན་”ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། གྲུབ་འབྲས་དེ་དག་བདེ་ཆེན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དྲག་པོ་ཞིག་ཏུ་གྱུར་ནས། ས་ཆ་འདིའི་མཛེས་སྡུག་དེ་དེ་ལས་མང་བས་མཐོང་ཐུབ་པ་དང་མཉམ་སྤྱོད་ཐུབ་པའི་རེ་བ་བྱེད་པ་རེད།
སེམས་ཀྱི་ཉི་ཟླའི་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས། སེམས་ཀྱི་ཉི་ཟླའི་གླེང་སྟེགས་ཀྱིས་རིག་གནས་ཁྱབ་སྤེལ་དང་མི་རིགས་ཀྱི་ཞིབ་འཇུག་སོགས་ཀྱི་མངའ་ཁོངས་མང་པོ་ཞིག་ཏུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ཐེངས་གླེང་སྟེགས་ཐོག་རིག་གནས་ཡུལ་སྐོར་འབྲེལ་ཐག་ཏུ་བྱས་ནས། སྔར་བས་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”དེ་ས་ཁོངས་ཀྱི་སྤུས་རྟགས་ནས་རྒྱལ་སྤྱིའི་མིང་བྱང་གི་རིམ་སྤར་དུ་འགྱུར་བར་སྐུལ་འདེད་བཏང་ནས་སེམས་ཀྱི་ཉི་ཟླ་ཆེན་པོའི་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ་རེད།
བདེ་ཆེན་ཁུལ་ཀྱི་འགོ་ཁྲིད་དང་ཞིང་ཆེན་རིམ་པ་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད། རྒྱལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། ཁེ་ལས་ཀྱི་འགན་འཁུར་བ། སྨྱན་སྦྱོར་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།