ཉིན་གུང་གཉིད་སྐབས་འདི་འདྲ་གཏན་ནས་བྱེད་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-14   རྩོམ་ཁུངས།    青海藏文报

        ཉིན་གུང་ཟ་མ་ཟོས་ཚར་རྗེས་གཉིད་ཏོག་ཙམ་ལོག་ན། ཕྱི་དྲོར་ལས་ཀ་བྱེད་སྐབས་ཀླད་པ་གསལ་པོ་ཡིན་པས། མི་མང་པོ་ཞིག་ལ་ཉིན་གུང་གཉིད་པའི་གོམས་གཤིས་ཡོད། འོན་ཀྱང་ལ་ལ་ཞིག་ཟ་མ་ཟོས་མ་ཐག་ལམ་སེང་གཉིད་ཀྱིན་ཡོད། དེ་འདྲ་བྱས་ཚེ་འཚམ་པོ་ཡིན་ནམ། དུས་ཡུན་ཅི་ཙམ་ལ་གཉིད་ལོག་ན་ལུས་པོར་ཕན་ཐོགས་ཆེན་པོ་ཡོད་དམ་ཞེ་ན། གཤམ་ནས་ཚན་རིག་གི་རྒྱུན་ཤེས་འགར་རྒྱུས་ལོན་ཞིག་བྱ།

图片

        གཅིག ཟ་མ་ཟོས་མ་ཐག་གཉིད་མི་རུང་།

        ཟ་མ་ཟོས་མ་ཐག་ལམ་སེང་འཇུ་མི་ཐུབ་པས་གཉིད་ཁུག་དཀའ་བ་རེད། དེ་བས། ཟ་མ་ཟོས་ནས་སྐར་མ15ཡས་མས་འགོར་རྗེས་གཉིད་ན་ལེགས། ཉིན་གུང་ཟ་མ་ཟོས་མ་ཐག་གཉིད་ཚེ། ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་ཀླད་པར་ཁྲག་མི་འདང་བའི་སྣང་ཚུལ་ཐོན་སྲིད།

        གཉིས། ཅོག་ཙེའི་སྟེང་ཁ་སྦུབ་ལོག་ནས་གཉིད་མི་རུང་།

        ཁ་སྦུབ་ལོག་ནས་ཉལ་ན། ལུས་པོར་གནོད་པ་ཆེ་ལ་གདོང་དང་མིག་གནོན་གྱིན་ཡོད་པས། མིག་ལ་གནོན་ཤུགས་བཟོ་སྲིད་ཅིང་། བཟི་འཐོམ་ལངས་པ་དང་མཐོང་ཤུགས་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ་ཐོན་པར་མ་ཟད། ཀླད་པར་ཁྲག་དང་གསོ་རླུང་མ་འདང་བར་རྒྱང་སྒྲིབ་སོགས་ཕོག་ཉེན་ཡོད།

        གསུམ། ཉིན་གུང་གཉིད་སྐབས་དྲོད་སྲུང་ལ་དོ་སྣང་བྱེད་དགོས།

        ཉིན་གུང་གཉིད་སྐབས་ལུས་པོ་མི་འཁྱག་པ་བྱེད་དགོས། གང་ཡིན་ཞེ་ན། གཉིད་ལ་ཤོར་རྗེས་ལུས་པོ་ཡོངས་སུ་ལྷོད་པོར་གྱུར་པ་དང་། ཁྲག་རྩ་རྒྱས་པ། བ་སྤུའི་བུ་ག་ཆེ་རུ་འགྲོ་བས་ཆམ་ནད་ཕོག་སླ་བ་རེད། དེར་བརྟེན་གཉིད་སྐབས་ལུས་པོ་མི་འཁྱག་པར་དྲོད་སྲུང་ཡག་པོ་བྱེད་དགོས།

        བཞི། གཉིད་ལས་སད་མ་ཐག་འཕྲལ་མར་ལངས་མི་རུང་།

        གཉིད་ལས་སད་ནས་ཏོག་ཙམ་འགོར་རྗེས་གཞི་ནས་རིག་པ་ཇེ་དྭངས་སུ་འགྲོ་བས། གཉིད་ལས་སད་རྗེས་སྐར་མ་གཉིས་ཙམ་ལ་ངལ་གསོ་བ་དང་དེ་ནས་དལ་གྱིས་ལངས་ཏེ་རིག་པ་དྭངས་པར་བྱེད་དགོས་ལ། འགུལ་སྐྱོད་ཕྲན་ཙམ་བྱས་རྗེས་ད་གཟོད་ལས་ཀ་བྱས་ན་བཟང་།

        ལྔ། གཉིད་ལས་སད་རྗེས་ཆུ་འཐུང་དགོས།

        གཉིད་ལས་སད་མ་ཐག་ཆུ་འཐུང་ཚེ་ཁྲག་ཇེ་སླ་རུ་ཕྱིན་ནས་འཁོར་སྐྱོད་ཡག་པོ་བྱེད་ཐུབ་པས། ལུས་སྟོབས་སླར་གསོ་ཐུབ་པར་མ་ཟད། ལས་ཀ་བྱེད་སྐབས་ཀྱང་ཀླད་པ་གསལ་པོ་ཡོང་སྲིད། །