བདེ་ཆེན་ཁུལ་གྱི་2025ལོའི་དམངས་ཡོངས་ལུས་སྦྱོང་ཉིན་མོའི་བྱེད་སྒོ་སྟེ་བདེ་ཆེན་ཁུལ་གྱི་དམངས་ཡོངས་ལུས་སྦྱོང་གི་མི་རིགས་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་8ཉིན།    བདེ་ཆེན་ཁུལ་གྱི་2025ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་བྱེད་སྒོ་སྟེ་བདེ་ཆེན་ཁུལ་དམངས་ཡོངས་ཀྱི་ལུས་སྦྱོང་གི་མི་རིགས་ལུས་སྦྱོང་ལུས་རྩལ་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་སུ་བསྡུས།  ཐེངས་འདིའི་བྱེད་སྒོ་ཡིས་“དམངས་ཡོངས་ལུས་སྦྱོང་།བདེ་ཐང་བདེ་ཆེན།  ངེད་གཉིས་མཉམ་དུ་འགྲོ་”ཞེས་པ་བརྗོད་བྱའི་གཙོ་བོར་བྱས་ནས་དམངས་ཡོངས་ལུས་སྦྱོང་གི་སྤྲོ་སེམས་དང་བདེ་ཆེན་གྱི་མཛེས་སྡུག་ལྡན་པའི་མི་རིགས་རིག་གནས་མཉམ་འདྲེས་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་གི་ཚ་རླབས་གསར་པ་སློང་།

        བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཏེ་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་རྣམ་གྲངས་འགྲེམ་སྟོན་དང་མི་རིགས་ལུས་རྩལ་འགྲན་བསྡུར་སོགས་ཡོད། 

        དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་རྣམ་གྲངས་འགྲེམ་སྟོན་ཁྲོད།རུ་ཁག་14ཡིས་གཞས་དང་རལ་པ། ཐའེ་ཅི་ཆོན་སོགས་འཁྲབ་སྟོན་བྱས་པ་དང་།  མི་རིགས་ལུས་རྩལ་འགྲམ་བསྡུར་ཡང་ཚ་དྲག་ཆེ་ལ།  འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་9ཡིས་ཚོན་མདོག་སྣ་ལྔའི་མི་རིགས་གྱོན་ཆས་གྱོན་ནས་གར་སྟེགས་ཐོག་གསོན་ཤུགས་ཀྱིས་ཁེངས་པ་དང་། ལྟད་མོ་བ་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ཡིད་དབང་འཕྲོག་པ་དང་དགའ་སྤྲོའི་འབོད་སྒྲ་དང་ཐལ་མོ་རྡེབ་སྒྲ་རྒྱུན་ཆད་མེད་པར་བྱུང་བས། ཡུལ་དངོས་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་མཐོར་འགྲོ། ངོ་མཚར་ཆེ་བའི་འགྲན་རྩོད་བརྒྱུད་འགྲན་བསྡུར་དེས་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་2 བྱ་དགའ་ཨང་གསུམ་པ་5 ལུས་རྩལ་ཀྱི་ཀུན་སྤྱོད་དར་སྲོལ་བྱ་དགའ་1བཅས་དཔྱད་འདེམས་བྱས་པ་རེད།

        ཤེས་རྟོགས་བྱུང་དོན།ཐེངས་འདིའི་བྱེད་སྒོ་ནི་རང་ཁུལ་གྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ།  མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་མ་ཟད། དམངས་ཡོངས་ལུས་སྦྱོང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་།  མི་རིགས་ཁག་གིས་འགྲོ་འོང་དང་།  སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཡོད།  གོམ་སྟབས་རྗེས་མར།  རང་ཁུལ་གྱིས་མུ་མཐུད་ནས་དམངས་ཡོངས་ལུས་སྦྱོང་གི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་ཡག་པོ་བྱེད་དེ་དམངས་ཡོངས་ལུས་སྦྱོང་བྱ་གཞག་མཐོ་ཚད་གསར་པ་ཞིག་ཏུ་བསྐྱོད་རྒྱུར་གཞོགས་འདེགས་བྱ་རྒྱུ་རེད།