ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        ཟླ་8ཚེས་12ཉིན་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་ལས་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་ལས་དོན་ཚོགས་འདུའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མིག་སྔའི་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ཆུ་ལོག་སྔོན་འགོག་ལས་དོན་སླར་ཡང་བཀོད་སྒྲིག་དང་བཀོད་སྒྲིག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་ལོག་དུས་སྐབས་ཀྱི་གནོད་འཚེ་སྔོན་འགོག་ཁ་གཏད་གཏོང་བའི་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས། འཇོལ་རྫོང་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་། འབའ་ལུང་རྫོང་པའེ་ཅི་ཞུན་ཤང་གི་ཆུ་ལོག་སྔོན་འགོག་ལས་དོན་བཀོད་གཏོང་བྱས་པ་རེད།ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཉེ་དུས་ཆར་ཆུ་མུ་མཐུད་འབབ་པ་དང་རང་རྒྱལ་ཁུལ་གྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ། ཆུ་ལོག་དང་འདམ་རྡོའི་ཆུ་རྒྱུན་སོགས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་མང་པོ་ཡོད་པས་ཆུ་ལོག་སྔོན་འགོག་ལས་དོན་གྱི་གནས་བབ་ཧ་ཅང་ཛ་དྲག་པོ་ཡོད།རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཆུ་ལོག་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ནན་ཏན་གྱིས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། མི་དམངས་གོང་དུ་འཛིན་པ་དང་ཚེ་སྲོག་གོང་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། ཆུ་ལོག་སྔོན་འགོག་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ། ཁུལ་ཡོངས་བདེ་འཇགས་ངང་ཆུ་ལོག་སྐྱེལ་ཐུབ་པའི་འགན་ལེན་བྱ་དགོས། 

        ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྟབས་བདེའི་སེམས་ཁམས་དང་། བེམ་སྦྲིད་བསམ་བློ། ལྷོད་གཡེང་གི་སེམས་ཁམས་བཅས་བློ་བརྟན་འགྱུར་མེད་ཀྱིས་ཁྱད་བསད་བྱས་ཏེ། གཟབ་ནན་གྱི་སེམས་ཁམས་ཐོག་ནས་ཆུ་ལོག་སྔོན་འགོག་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་དམ་ཟབ་བྱས་ནས་ཆད་ལུས་མི་ཡོང་བའི་འགན་ལེན་བྱེད་དགོས།“1262”ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྔོན་བརྡའི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། གནམ་གཤིས་འགྱུར་ལྡོག་དང་ཆུ་དཔྱད་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་གྱི་ཟློས་ཕྱོད་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ཞིབ་ཚད་མཐོ་རུ་གཏོང་བ། གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།“གྲོང་ཚོ་ཚང་མར་གྲགས་པའི”འཕྲལ་སྡོམ་རླུང་འཕྲིན་དང་། སྐད་འཕྲིན་ཚོགས་པ། འཕྲིན་ཐུང་། གྲོང་ཚོའི་ཚོ་ཆུང་གི་ལས་བྱེད་པ་དང་དེ་བཞིན་འབྲེལ་གཏུག་མི་སྣས་ཁྱིམ་དུ་འཛུལ་ནས་བརྡ་ཐོ་གཏོང་བ་སོགས་རྣམ་པ་སྣ་ཚོགས་གང་ལེགས་སྤྱད་དེ་ཉེན་བརྡའི་ཆ་འཕྲིན་དུད་ཚང་དང་མི་ཚང་མར་བརྒྱུད་སྤྲོད་བྱ་དགོས། གནོད་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་གནས་ཀྱི་ལས་འགན་སྲུང་རེས་དང་སྐོར་གཡེང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་རིམ་པའི་སྡེ་ཚན་ཁག་དང་། རྫོང་(གྲོང་ཁྱེར)ཤང་(གྲོང་རྡལ་)ཁག་གིས་མཛེས་ལྗོངས་ཁུལ་དང་། ཆུ་བོ་དང་མཚེའུ། བགྲོད་ལམ་འགྲིམ་འགྲུལ། ས་གཤིས་གནོད་འཚེའི་མངོན་མེད་གནས་ཚུགས། ཆུ་མཛོད་དང་ཆུ་གློག་ས་ཚུགས། ཆུ་ལམ་གྱི་ཆུ་རགས། ཨར་ལས་ལས་གྲྭ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་ས་དང་ཆུ་དྲག་སླ་བའི་ཁུལ། སྨན་ཁང་། སློབ་གྲྭ རྒན་གསོའི་ཁང་སོགས་གཙོ་གནད་ཁག་ལ་དོ་སྣང་ཆེན་པོ་བྱས་ཏེ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སེམས་ཤུགས་གཅིག་སྡུད་བྱས་ནས་མགྱོགས་མྱུར་ངང་“དྲ་འཐེན་རྣམ་པའི”ཞིབ་བཤེར་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་ལེགས་བཅོས་མགྱོགས་སུ་གཏོང་དགོས།གཞི་རིམ་དྲ་པའི“མདུན་གྱི་སོ་སྲུང་བ”ཡི་ནུས་པ་འདོན་སྤེལ་བྱ་དགོས། གནས་སྤོ་དང་ཉེན་གཡོལ་གྱི་“གཅིག་གྱུར་བཞི་”ཡི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་མི་ཤི་རྨས་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། ཆུ་འགོག་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་“རྒན་པ་གཅིག་དང་ཆུང་ཆུང་གཅིག”དང་། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་པ། རྒན་གསོ་ཁང་སོགས་གཙོ་གནད་གནས་ཡུལ་ལ་རང་གཤིས་ཅན་གྱི་སྤོ་སྒྱུར་ཇུས་གཞི་བཟོ་དགོས། ཆུ་ཚོད་24རིང་འགོ་ཁྲིད་ཀྱིས་ལས་ཁྲིད་དང་ཆེད་མངགས་མི་སྣས་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཆུ་ལོག་གི་གནས་ཚུལ་དང་། ཉེན་ཁའི་གནས་ཚུལ། གནོད་འཚེའི་གནས་ཚུལ་བཅས་འཕྲལ་དུ་སྙན་སེང་ཞུ་རྒྱུའི་འགན་ལེན་བྱ་དགོས། རིམ་པ་ཁག་གི་འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོབ་སྟོབས་ཤུགས་ཇེ་ཆེར་གཏོང་བ། “གྲ་སྒྲིག་བྱས་ན་མ་སྤྱོད་ཀྱང་རུང་བ་དང་། སྤྱོད་དགོས་དུས་གྲ་སྒྲིག་མེད་མི་ཆོག་པ”མཐའ་འཁྱོངས་བྱས་ཏེ། ཆུ་འགོག་དངོས་ཟོག་ཕྱོགས་ཡོངས་ནས་གྲབས་གསོག་བྱས་ཏེ་དུས་བཀག་ལྟར་ཞིབ་བཤེར་དང་སྲུང་སྐྱོང་བྱས་ཏེ་འགག་རྩའི་དུས་སུ་བཀོད་གཏོང་ཐུབ་པ་དང་བེད་སྤྱོད་ཐུབ་པར་ཁག་ཐེག་བྱ་དགོས་ཞེས་ནན་བཤད་གནང་ཡོད།

        ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་འགན་འཁྲི་ཁུར་ནས་རང་སོ་སོ་སོའི་ལས་གནས་སུ་ཞུགས་པ་དང་།འགན་འཁྲུ་འཁུར་བ་དང་ཕན་ཚན་གྱི་བརྡ་འཕྲོད་པ། ཕན་ཚུན་ལ་སྟོབས་ཤུགས་འབུལ་བ་དང་རོགས་རེས་བྱས་ནས་མཉམ་ཤུགས་ཆགས་དགོས་པའི་བླང་བྱ་བཏོན་ཡོད།

        ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)དང་ཤང་(གྲོང་རྡལ)ཁག་ལ་འཚོགས་ཡོད། ཁྲེན་ཆུན་དང་། ཧོང་ལུང་ཞིན། ཞུས་ཀོང་ཏེ། ཡུས་ཀུའེ་ཧྥན། ལི་ཐའོ། ཝན་ཏན་ཆིང་བཅས་ཁུལ་རིམ་པའི་ཚོགས་ར་གཙོ་བོ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡན་ལག་ཚོགས་ར་ཁག་སོ་སོའི་ཚོགས་འདུར་ཞུགས་ཡོད།