རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
2024ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་དུ་འཛིན་ཏེ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དེ་བཞིན་ཞིང་ཨུ་དང་ཁུལ་ཨུའི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་པ་དང་། ཁྲིམས་སྐྱོང་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ་དམ་འཛིན་དངོས་བསྒྲུབ་བྱས་ནས་ཕྱོགས་མང་པོའི་ཐད་ཕན་འབྲས་ཐོན་ཡོད།
ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་། སེམས་ཀྱི་ཉི་ཟླ་གྲོང་ཨུ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་《འགོ་ཁྲིད་ལས་བྱེད་པ་ཡིས་ཤེས་དགོས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཁྲིམས་ལུགས་ཁྲིམས་སྲོལ་ཀྱི་ཞིབ་ཐོ་》དོན་འཁྱོལ་ནན་པོ་བྱས་པ་དང་།གྲོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་ཐེངས་4རྩ་འཛུགས་བྱས་པ། གྲོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཀྱི་ཆེད་དོན་སློབ་སྦྱོང་ཐེངས་1སྤེལ་བ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པ་མི་ཐེངས་658སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་སློབ་སྦྱོང་ནང་ཞུགས་ཏེ་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བེད་སྤྱོད་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་གྱུར་བཅུག གྲོང་ཨུ་ཡིས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལོ་འཁོར་གྱི་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་བྱས་པ་དང་ལོ་འཁོར་གྱི་ལས་ཀའི་གཙོ་གནད་གཏན་འབེབས་བྱས་ཏེ་ཕྱོགས་དྲུག་གི་གཙོ་གནད་ལས་འགན་ཁག་22ཞིབ་ཕྲ་དང་དབྱེ་འབྱེད་བྱས་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་འབྲས་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་ནང་བཅུག་ནས་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་ཁྲིམས་ལུགས་གསལ་བཤད་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁྲི་དང་ལས་འགན་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱས་པ་རེད།
ཁྲིམས་ལྟར་སྲིད་འཛིན་ནུས་པ་སྔར་ལས་ལྷག་པར་མཐོ་རུ་ཕྱིན་ཡོད།རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་བཀོད་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ། ཏང་ནང་དང་སྲིད་འཛིན་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་གསེང་བྱེད་ཚད་དང་ཞིབ་བཤེར་བྱེད་ཚད་ཚང་མ་100%ཟིན་པས། སྲིད་འཛིན་ཐབས་ཇུས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་ཡོད། སྲིད་འཛིན་ཁྲིམས་བསྟར་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། 《 གྲོང་ཁྱེར་རིམ་པའི་ཁྲིམས་འཛིན་སྡེ་ཚན་དང་གྲོང་རྡལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་མཉམ་འགུལ་ལས་ཀའི་ལམ་ལུགས་》 གཏན་འབེབས་དང་འགྲེམས་སྤེལ་བྱས་ནས་སྡེ་ཚན་ལས་བརྒལ་བ་དང་མངའ་ཁོངས་ལས་བརྒལ་བའི་སྲིད་འཛིན་ཁྲིམས་བསྟར་དོན་ཚན་སྡེབ་སྒྲིལ་བྱས་ཡོད། ཁྲིམས་སྐྱོང་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། “དོན་དག་གཅིག”སྲིད་དོན་ཞབས་ཞུའི་སྒེའུ་ཁུང་ནང་ཞུགས་ཚད་100%ཟིན་པ། དཔང་རྟགས་ཀྱི་དོན་ཚན་སྒྲུབ་སྐབས་ཁས་ལེན་ལམ་ལུགས་བཤད་པའི་དོན་ཚན་ཁྲི་1.4ལྷག་ཙམ་བསྒྲུབས་པ། “ཁེ་ལས་ཀྱི་ལྷིང་འཇགས་དུས་ཚོད”ལམ་ལུགས་ལག་བསྟར་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ཡོད། སྲིད་འཛིན་རྩོད་གླེང་གི་ངོ་བོའི་རང་བཞིན་གྱིས་ཐག་གཅོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་རྩོད་གླེང་ངོ་བོའི་རང་བཞིན་གྱིས་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
ཁྲིམས་འཛིན་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་མངོན་འགྱུར་བྱུང་། གྲོང་ཁྱེར་ཁྲིམས་ཁང་གིས་ལོ་ཧྲིལ་པོར་འདྲི་གཅོད་དང་། ལག་བསྟར་དང་དེ་བཞིན་གཏུག་བཤེར་སྔོན་གྱི་འདུམ་སྒྲིགབཅས་ཀྱི་གྱོད་གཞི་7590སྒྲུབ་པ་དང་། རིགས་སོ་སོའི་གྱོད་གཞི་5116བདག་སྤྲོད་བྱས་པས་ཁུལ་ཡོངས་ཀྱི་གྱོད་གཞི་འདྲི་ཞིབ་བསྡོམས་འབོར་གྱི་53.68%ཟིན་པ། འདྲི་ཞིབ་མཇུག་སྒྲིལ་4790བྱས་པ་དང་། འདྲི་ཞིབ་དུས་བཅད་ནང་གྱོད་གཞི་མཇུག་སྒྲིལ་ཚད་98.28%ཟིན། ཁྲིམས་དཔོན་གྱི་མི་རེའི་ཆ་སྙོམས་གྱོད་དོན་216མཇུག་བསྒྲིལ་ཡོད། གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་ཁེ་ལས་སྲུང་བའི”དང་“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ཁྲིམས་ལྟར་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དཀྲུག་པའི་ཉེས་གསོག་གྱོད་གཞི་25མི་30ལ་ཆད་གཅོད་བྱས་པ་དང་། ཁེ་ལས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་21.6ཚུར་ལེན་པ། ཞིང་པ་ལས་མིའི་ངལ་རྩོལ་གྱི་ཐོབ་ཆ་སྒོར་ཁྲི་11ཕྱིར་ལེན་རོགས་རམ་བྱས་པ། སྤྱི་ཕན་གཏུག་བཤེར་གྱོད་གཞི་23བསྒྲུབས་པ་དང་དེའི་ནང་གྱོད་གཞི་4ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་ཀྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་གཞི་མཉམ་སྤྱོད་སྟེགས་བུའི་ནང་བཅུག་པ་རེད།
གྲོང་ཁྱེར་མངའ་ཁོངས་ཀྱི་གཞི་རིམ་བཅོས་སྐྱོང་སྔར་བས་ཏན་ཏིག་ཡོང་བ།དུས་རབས་གསར་པའི་“ཧྥུང་ཆའོ་ཉམས་མྱོང”གཏིང་ཟབ་ཏུ་བཏང་སྟེ་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་རྨང་གཞི་དྲག་ཏུ་གཏོང་བ་དང་ཞན་ཆ་གསབ་པའི་ཆེད་དོན་བྱ་སྤྱོད་དང་། གཏུག་བཤེར་འབྱུང་ཁུངས་ཀྱི་བཅོས་སྐྱོང་། ཡིག་སྐུར་ངོ་བཅར་གྱི་ལས་ཀ་ཁྲིམས་སྐྱོང་ཅན་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ལོ་དེའི་ནང་ཆེད་དོན་གྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་རེས་མོས་འཁོར་ཐེངས་4ཐེངས་3100ལྷག་ལེགས་གྲུབ་བྱས་ནས་མང་ཚོགས་མི་ཐེངས་ཁྲི་31ཁྱབ་ཡོད་པ་རེད། གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་དམངས་དོན་དང་། ཚོང་དོན། ཁྱིམ་དོན་འདུམ་སྒྲིག་ཁང་བཙུགས་ཏེ་ལོ་ཧྲིལ་པོར་འགལ་བ་དང་རྩོད་གཞི་2736འདུམ་སྒྲིག་ལེགས་གྲུབ་བྱུང་བ་དང་འདུམ་སྒྲིག་ལེགས་གྲུབ་བྱུང་ཚད་77%ཟིན་ཡོད། འགོ་ཁྲིད་ལས་བྱེད་པས་འཚམས་འདྲི་དང་ལེན་རྒྱུན་ལྡན་ཅན་དུ་སྤེལ་བ་དང་ལོ་ནང་མང་ཚོགས་ཁག་159དང་མི་ཐེངས་215ལ་འཚམས་འདྲི་དང་ལེན་བྱས་པ་དང་དྲ་ཐོག་ནས་འཕྲིན་ཡིག་དང་ངོ་གཏུག་ཐོག་ནས་ཞུ་བའི་ཡིག་ཆ་90བསྒྲུབས་ཡོད་པ་རེད།