རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
མཛད་སྒོ་དེ་སྲོལ་རྒྱུན་གྱི་སྨོན་ཚིག་ཁྲོད་འགོ་ཚུགས་པ་དང་། མཛེས་ཤིང་ཡིད་དུ་འོང་བའི་གླུ་དབྱངས་དང་ཞབས་བྲོ་རེས་སྐོར་འཁྲབ་སྟོན་བྱས་ཏེ་སྤྲོ་སྣང་ལྡན་པའི་ཞབས་བྲོའི་སྟངས་སྟབས་ནས་མི་རིགས་མཐུན་སྒྲིལ་གྱི་གོ་དོན་གཏིང་ཟབ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད། དེའི་རྗེས་སུ་ཡུལ་མིའི་ཚོ་ཆུང་21ཡིས་ཉིན་དང་པོའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
ཐེངས་འདིའི་བྱེད་སྒོ་ནི་གསོན་ཉམས་ཀྱི་མངོན་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཡིན་པ་དང། མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། མཉམ་འབྲེལ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་ཞིག་དེ་བས་ཡིན།ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེས་“དོན་ཚན་ཆེན་པོ་བཞི་”ལ་དམ་པོར་དམིགས་ཏེ་གོ་སྐབས་དམ་འཛིན་བྱས་ནས་“སེམས་བརླིང་བའི”དང་“རྨང་བརྟན་”ལས་གྲྭ་ལག་བསྟར་གཏིང་ཟབ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བཏང་བ་ལ་སྐུལ་འདེད་གཏོང་ཡོད།རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་421.6ཡོད་པའི་སྐྱེ་ཁམས་གྱི་ཐོན་ཁུངས་ལ་བརྟེན་ནས་ནས་འདེབས་ལས་དང་། ཕྱུགས་ལས་ཀྱི་གསོ་སྤེལ་དང་དེ་བཞིན་བེ་ཤ་ཐོན་ལས་བཅས་རྨོ་འདེབས་གཏིང་ཟབ་བྱས་པ། ལམ་དྲ་ཤར་གཏོང་ཐུབ་པ་དང་ཆུ་མཛོད་གནས་སྤོས་ལས་གྲྭ་ཡིས་གྲོང་ཚོ་ཡོངས་ཀྱི་ཡུལ་མིའི་ཚོ་ཆུང་21གི་དུད་ཚང་835ཡི་མི་4252ལ་ཕན་པ་ཐོབ་ཡོད། མི་འབོར་བསྡོམས་འབོར་གྱི་98%བཟུང་བའི་བོད་རིགས་མང་ཚོགས་དང་མི་རིགས་གཞན་པའི་ཁྱིམ་མཚེས་བར་ཕན་ཚུན་ལྟ་སྐྱོང་བྱས་ནས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་འགུལ་ནུས་སུ་བསྒྱུར་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས་ཆེ་བ། མི་སེར་ཕྱུག་པོ་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ལམ་ཞིག་ཏུ་བསྐྱོད་བཞིན་ཡོད།