རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-06   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཉེ་ཆར། ལྷ་ས་མཐུན་སྒྲིལ་སྤྱི་གླིང་དང་ཕོ་བྲང་པོ་ཏ་ལའི་རྒྱུད་ཀྱི་ཆུ་ལག་སྐྱེ་ཁམས་ཁུལ་གྱི་ལྕགས་པོ་རིའི་ཁོར་ཡུག་བཅོས་སྒྲིག་ལས་གྲྭའི་རྣམ་གྲངས་དངོས་སུ་མཇུག་འགྲིལ་ནས་སྤྱི་དམངས་ལ་ཕྱོགས་ཡོངས་ནས་སྒོ་ཕྱེ་བ་རེད། ལྷ་ས་མཐུན་སྒྲིལ་སྤྱི་གླིང་ནི་ཕོ་བྲང་པོ་ཏ་ལའི་ནུབ་ངོས་རི་གཤམ་དང་ལྕགས་པོ་རིའི་འདབས་སུ་ཆགས་ཡོད། སྤྱི་གླིང་གིས“རི་བོ་དང་། ཆུ་མོ། སྔོ་ལྗང་། མིས་བཟོས་མཚེའུ། སྣུམ་ཞག་དོད་པའི་གྲོང་ཁྱེར”བཅས་ཀྱི་བསམ་ཇུས་ལ་དམིགས་ནས་མི་ཆོས་རིག་གནས་ཀྱི་གནའ་ཤུལ་དང་རང་བྱུང་མཛེས་ལྗོངས་གཅིག་ལ་གཅིག་བརྒྱན་དུ་འགྱུར་བར་བྱས་ཡོད། འདི་ནི་ལྷ་ས་མཐུན་སྒྲིལ་སྤྱི་གླིང་གི་ཟུར་ཞིག་ཡིན་པ།