མཛེས་པའི་པད་མ་ལྷ་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་བདུན་པའི་ཡུན་ནན་བདེ་ཆེན་སེམས་ཀྱི་ཉི་ཟླ་ཡང་ཐང་གྲོང་རྡལ་གྱི་པད་མ་ལྷ་མཚོ་ནི་ཚ་གཡོལ་གྱི་སྦས་ཡུལ་ཞིག་དང་འདྲ།རི་ལུང་ཀུན་ཏུ་སྔོ་ལྗང་གོས་བཟང་གིས་བཀླུབས་ཤིང་མེ་ཏོག་ཕན་ཚུན་མཛེས་སྡུག་འགྲན་པ་བཞིན་བཞད་པས་མཚར་སྡུག་གི་བཞིན་རས་ཡུལ་གྲུའི་ག་ས་གང་དུ་ཁྱབ་འདུག བསིལ་རླུང་དལ་བུར་ལྡང་བ་ན། མེ་ཏོག་དང་རྩྭ་ཤིང་གི་དྲི་ཞིམ་ཕྱོགས་བཞིར་ཁྱབ་པས།དབྱར་དུས་ཀྱི་སྤྲོ་སེམས་དེ་འདི་ནས་ཞི་འཇམ་གྱི་སྙན་ངག་ཞིག་ཏུ་གྱུར་ཡོད།