འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་པོ་ཏ་མཚོའི་སྐབས་དང་པོའི་རིག་གནས་ཞིམ་ཟས་དུས་ཚིགས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་པོ་ཏ་མཚོའི་སྐབས་དང་པོའི་རིག་གནས་ཞིམ་ཟས་དུས་ཚིགས་འགོ་ཚུགས་པ།བྱ་འགུལ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་དང་།དམངས་སྲོལ་འཁྲབ་སྟོན།རིག་གནས་གསར་གཏོད་ཀྱི་IPཁྱབ་བསྒྲགས་དང་དེ་བཞིན་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་ཇུས་འགོད་བྱས་པ་བརྒྱུད་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་གྱི་སྣ་མང་ཅན་གྱི་ལས་རྣམ་དང་མྱོང་རོལ་གྱི་ཁྱད་ཆོས་མངོན་པར་བྱས་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད།སེམས་ཀྱི་ཉི་ཟླ་ཚན་སྡེབ་ཀྱི་གླུ་གཞས《སེམས་ཀྱི་གངས་རི》སྙན་འཇེབས་ཀྱི་འགྱུར་ཁུག་གངས་འདབས་སུ་ལྷང་ལྷང་གྲགས་པ་དང་། པོ་ཏ་མཚོ་སྡེ་ཁུལ་གྱི་གྲོང་མིས་འཁྲབ་སྟོན་བྱས་པའི་གདོད་མའི་བྲོ་གར《ཚོང་དཔོན་ནོར་བུ་བཟང་པོ》ཞེས་པར་འཚོ་བའི་རྣམ་པས་ཁེངས་ནས་མི་རིགས་ཀྱི་རིག་གནས་དང་རང་བྱུང་མཛེས་ལྗོངས་ཞི་མཐུན་མཉམ་གནས་བྱས་ཡོད།IPགསར་བ་ནགས་བྱི“བཀྲ་ཤིས”དངོས་སུ་ངོ་བསྟན་པ་དེའི་གསོན་ཉམས་དོད་པའི་རྣམ་པས“སྲུང་སྐྱོང་སྔོན་ལ་བྱེད་པ་དང་།བེད་སྤྱོད་ལུགས་མཐུན་བྱེད་པའི”རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་ཐུབ་པ་མ་ཟད།པོ་ཏ་མཚོའི་མཛེས་ལྗོངས་ཁུལ་གྱིས་རེག་ཐུབ་པ་དང་འཁྱེར་ཐུབ་པའི་རིག་གནས་གསར་གཏོད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཞིམ་ཟས་དུས་ཚིགས་ནི་སྟབས་བདེའི་བཟའ་བཏུང་འགྲེམས་སྟོན་ཞིག་མིན་པར།པོ་ཏ་མཚོའི་མཛེས་ལྗོངས་ཁུལ་གྱིས“སྣོད་བཅུད་སྲུང་སྐྱོང་དང་།རིག་གནས་མྱོང་རོལ།འཛད་སྤྱོད་རྣམ་པ”བཅས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྒྱུར་བྱེད་པའི་དཔེ་སྟོན་ལག་ལེན་འཚོལ་ཞིབ་བྱས་པ་ཞིག་རེད།ཡུལ་དངོས་སུ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས་བཟོ་བ་དང་།ཐོག་མའི་IPཡི་ནགས་བྱིའི“བཀྲ་ཤིས”ཡོངས་བསྒྲགས་བྱས་པ།“ཞིམ་ཟས་དང་རྐང་ཐང་མར་སྐྱོད་པ་མཉམ་འབྲེལ”དང“ཞིམ་ཟས་དང་དམངས་སྲོལ་མཉམ་འབྲེལ”སོགས་གསར་གཏོད་ལམ་ཐིག་ལ་ཕྱོགས་བཞིའི་ཡུལ་སྐོར་བས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་ལ་འདྲ་བཟོ་ཆོག་པའི་ཕྱོགས་སྒྱུར་མ་དཔེ་མཁོ་འདོན་བྱས་ཏེ་བདེ་ཆེན་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུར་རམ་འདེགས་བྱ་ཆེད་ཡིན་ཞེས་བཤད་པ་རེད།

    བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་སྣེ་འདྲེན་ཁེ་ལས་ཡིན་པའི་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པས་ཐེངས་འདིའི་ཞིམ་ཟས་དུས་ཚིགས་འགོ་འཛུགས་སར་བྱས་ཏེ“སྣོད་བཅུད་རྨང་གཞིར་བྱེད་པ་དང་།རིག་གནས་བླ་སྲོག་ཏུ་བྱེད་པ།གསར་གཏོད་གཤོག་ཟུང་དུ་བྱེད་པའི”འཕེལ་རྒྱས་ཐབས་ལམ་ཟབ་ཏུ་བཏང་ནས་པོ་ཏ་མཚོ“བྱང་བུ་བརྒྱབ་ནས་ཡུལ་སྐོར་བྱེད་པ”ནས“ཉམས་ལེན་གཏིང་ཟབ་བྱེད་པའི”བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།མ་འོངས་པར་མཛེས་ལྗོངས་ཁུལ་གྱིས་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་མུ་མཐུད་རྒྱ་སྐྱེད་བཏང་ནས་ཡུལ་སྐོར་བར་དེ་བས་ཕུན་སུམ་ཚོགས་པའི་སྣོད་བཅུད་དང་རིག་གནས་ཀྱི་རིན་ཐང་ཉམས་ལེན་བྱས་ཏེ་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་རེད།