རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དབྱར་དུས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་ཞིག་དང་འདྲ་བར་སྤྱན་བྱེད་མིག་གི་དུངས་པ་རྣམ་པར་འཕྲོག
སེམས་ཀྱི་ཉི་ཟླ་རི་མཐོའི་རྩི་ཤིང་གླིང་ནི་མེ་ཏོག་སྣ་བརྒྱ་བཞད་པས་“ཁྲ་ཁྲའི་འཇིག་རྟེན”སུ་གྱུར་ཡོད།
སེམས་ཀྱི་ཉི་ཟླ་འོ་མ་མཚོའི་སྤྱི་གླིང་དུ་ཚོན་མདོག་རྣམ་པར་བཀྲ་བའི་རྒྱ་སེའི་མེ་ཏོག་རྣམ་པར་བཞད་པས་ས་མཐོའི་དབྱར་དུས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད།
སེམས་ཀྱི་ཉི་ཟླ་ནགས་ཕག་མཚོའི་འགྲམ་དུ་གསེར་མདོག་གི་པད་ཁའི་མེ་ཏོག་གི་རྒྱ་མཚོ་ཡིས་མི་རྣམས་ལ་དུས་དང་བར་སྟོང་བརྒལ་ནས་དཔྱིད་ཀ་སླེབས་པའི་སྣང་བ་སྟེར།
རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་མཐའ་ཡས་པའི་རྩྭ་ཐང་སྟེང་གང་དགར་རྩེན།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱི་ལྷ་མོ་གཡང་མཚོའི་འགྲམ་དུ་འཇའ་ཚོན་ནམ་མཚམས་སྤྲིན་གྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རི་མོ་བྲིས་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་མེ་ཏོག་གི་རྒྱ་མཚོས་ཕྱོགས་བཞིའི་མགྲོན་པོ་དགའ་བས་བསུ།