ཀྲང་ཝེ་ཏུང་གིས་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་གནང་སྐབས།ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“དུས་དང་རྣམ་པ་ཀུན་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དང་།“བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པའི”ལག་བསྟར་བྱེད་ནུས་ཀྱིས་ཁུལ་ཡོངས་བདེ་འཇགས་ངང་འབྲུབ་སྒྲོལ་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱེད་པར་འགན་ལེན་བྱེད་དགོས་པའི་ནན་གྱིས་བསྟན།

    ཀྲང་ཝེ་ཏུང་དང་བཅས་པས་སྔ་རྗེས་སུ་ཁུལ་གནམ་གཤིས་ཅུས་དང་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས།བབ་བསྟུན་དོ་དམ་ཅུས་བཅས་སུ་ཕེབས་ནས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་མ་ཟད།བརྙན་ལམ་བཀོད་སྒྲིག་བརྒྱུད་ནས་རྫོང(གྲོང་ཁྱེར)གསུམ་དང་གཙོ་གནད་ཤང(གྲོང་རྡལ)གི་འབྲུབ་འགོག་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་སླར་ཡང་བཀོད་སྒྲིག་གནང་བ་རེད།

    ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།མི་དམངས་བླ་ན་མེད་པར་བརྩི་རྒྱུ་དང་ཚེ་སྲོག་བླ་ན་མེད་པར་བརྩི་རྒྱུ་མཐའ་འཁྱོངས།བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་དོར་ནས་འབྲུབ་འགོག་ལས་དོན་ཨང་དང་པོར་འཇོག་དགོས།འབྲུབ་ཆུ་འགོག་པའི་བྱེད་ཐབས་ཁག་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་བྱ་དགོས་པ་དང་།མངོན་མེད་རྐྱེན་ངན་རྩད་ཞིབ་བཅོས་སྐྱོང་དང་།ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ།གནས་སྤོ་ཉེན་གཡོལ།ཉེན་སེལ་རོགས་སྐྱོབ།དངོས་ཟོག་གསོག་འཇོག ལས་རེས་ལས་སྲུང་།ཆ་འཕྲིན་སྐྱེལ་སྤྲོད་སོགས་ཀྱི་ལས་ཀ་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས།གེགས་སེལ་དངོས་ཟོག་གྲབས་གསོག་ཐད་གྲངས་འབོར་དང་།རྣམ་གྲངས།གནས་ཡུལ་བཅས“འདང་ངེས་གསུམ”ཐུབ་པ་བྱས་ཏེ་དངོས་ཟོག་གཏོང་སྤྲོད་ཀྱི“ཐོགས་མེད་བགྲོད་ལམ”བསྐྲུན་ནས་འགག་རྩའི་དུས་ཀྱི་དངོས་ཟོག་ལེགས་སྒྲིག་ཐུབ་པ་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་ལ་བློ་ཐག་རྦད་ཆོད་ཀྱིས་འགན་འཁྲིའི་འབྲེལ་ཐག་ནན་དུ་གཏོང་བ་དང་།ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་དང་།རྫོང་(གྲོང་ཁྱེར་)གིས་དོན་འཁྱོལ།ཤང་(གྲོང་རྡལ་)གིས་ལག་བསྟར་བཅས་བྱས་ཏེ།རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན།རིམ་པ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    ཀྲང་ཝེ་ཏུང་གིས་ནན་གྱིས་བསྟན་དོན།མིག་སྔར། རང་ཁུལ་གྱི་འབྲུབ་འགོག་གི་གནས་བབ་ཛ་དྲག་ཡིན་པས།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཉེན་ཁའི་འདུ་ཤེས་དང་གཞི་ཐིག་གི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་།གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ།འབྲུབ་ཆུ་རྒྱས་ཚུལ་དང་ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་།ལས་ཀའི་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་འབྲུབ་ཆུ་འགོག་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ཁུལ་ཡོངས་ཀྱི་འབྲུབ་ཆུ་རྒྱས་རིང་བདེ་འཇགས་ངང་བརྒལ་ཐུབ་པའི་འགན་ལེན་ཧུར་ཐག་བྱ་དགོས།

     ཞུས་ཀོང་ཏེ་དང་།མ་ཀུའོ་ཀྲུང་།ཀྲོང་ཞའོ་ཕིང་།དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས་པ་རེད།