《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་རང་ཁུལ་གྱི་དཔེ་ཚོང་ཁང་ནས་འགྲེམ་ཚོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། གསར་འགོད་པས་བདེ་ཆེན་ཤིན་ཧྭ་དཔེ་ཚོང་ཁང་ཚད་ཡོད་ཀུང་སིའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཀུང་སི་བདེ་ཆེན་དཔེ་ཁང་དུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》་དེབ་ལྔ་པ་གྲལ་འགྲིག་པའི་ངང་མངོན་གསལ་དོད་པའི་དཔེ་སྒྲོམ་ཐོག་བཞག་ནས་ཀློག་པ་པོ་མི་ཉུང་བ་ཞིག་ཚོང་ཁང་དུ་གཟིགས་ཞིབ་དང་ཉོ་སྒྲུབ་བྱེད་པར་བསྐྱོད་པ་མཐོང་བྱུང་།འདིའི་ཐོག་ནས་དེབ་དེ་བདེ་ཆེན་དུ་དངོས་སུ་འགྲེམ་ཚོང་བྱས་པ་མཚོན་ཡོད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ནི་ཉེ་ཆར་པེ་ཅིང་དུ་དངོས་སུ་འགྲེམས་སྤེལ་བྱས།དེབ་འདིའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་5ཚེས་27ཉིན་ནས་2024ལོའི་ཟླ་12ཚེས་20ཉིན་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། གླེང་མོལ། གཏམ་བཤད། ཤིས་ཚིག གསུང་རྩོམ། མཛུབ་སྟོན་སོགས་གསུང་རྩོམ་ཁྱོན་91བསྡུས་པ་དེ་དག་ཆེད་དོན་18ལ་ཕྱེ་ཞིང་། གསུང་རྩོམ་ཁ་ཤས་ཡོངས་བསྒྲགས་སུ་སྤེལ་ཐེངས་དང་པོ་རེད།

    བདེ་ཆེན་ཤིན་ཧྭ་དཔེ་ཚོང་ཁང་ཚད་ཡོད་ཀུང་སིའི་འགན་འཁུར་བས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་འགྲེམས་སྤེལ་བྱས་རྗེས།ཀུང་སི་དེས་འཕྲལ་མར་མངག་ཉོ་ལས་དོན་སྤེལ་ཡོད།མིག་སྔར།ཁུལ་ཡོངས་ཀྱི་ལས་ཁུངས་21གིས་དེབ་836མངག་ཉོ་བྱས་ཡོད་པ་དང་།སྐོར་ཐེངས་དང་པོའི་ཚོང་རྫས་480ཐོན་ཡོད་པ་རེད།གོམ་སྟབས་རྗེས་མར།དེབ་འདི་ཉིད་ད་དུང་ཁུལ་ཡོངས་ཀྱི་སྤྲིན་རྩིས་དཔེ་ཁང་4ཡི་སྒྲོམ་ཐོག་ཏུ་བཞག་ནས་རང་ཁུལ་གྱི་རྒྱ་ཆེའི་ཀློག་པ་པོའི་སློབ་སྦྱོང་གི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།

    གྲོང་མི་ཧོ་ཡན་ཞང་གིས་རྩིས་རྒྱག་ཞོར་དུ་གསར་འགོད་པར་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་དེ་ངས་བལྟས་ཚར་སོང་།དེབ་ལྔ་པ་དེ་ང་ཚོའི་མངའ་སྡེའི་སྒྲོམ་ཐོག་ཡོད་པ་ཐོས་མ་ཐག་ང་ལམ་སེང་ཚོང་ཁང་དུ་ཡོང་ནས་ཉོས་པ་ཡིན་ཞེས་བཤད་བྱུང་།ཁུལ་ཨུའི་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཁོའོ་ཡི་འགན་འཁུར་བས་གོམ་སྟབས་རྗེས་མར་“ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།དཔེ་ཚོང་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།ལས་ཁུངས་ཀྱིས་གཅིག་སྡུད་ཐོག་དེབ་ཉོས་པ་ཕུད།དཔེ་གྲོགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་དེབ་དེ་ཉོ་བར་ཡོང་གི་ཡོད་པ་རེད།