རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་བཙུགས་ཚུན། གཞུང་ལམ་གྱི་འཕོ་འགྱུར་ནི་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཀྱིས་ཁེངས་པའི་འཕེལ་རྒྱས་ཀྱི་རྗེས་ཤུལ་ཞིག་རེད། ཐལ་རྡུལ་གྱིས་ཁེངས་པའི་ས་ལམ་ནས་ཁོད་སྙོམས་བཟོ་བའི་སྣུམ་ཞལ་ལམ་བུ་བར་དང་། མིས་འཁུར་རྟས་ཁལ་བའི་དཀའ་ཚེགས་ནས་འཁོར་ལོ་ལང་ལོང་དུ་སྐྱོད་པའི་བར་དང་། ལམ་ཐག་རིང་པོ་རེ་རེ་བཞིན་སྣུར་སྲིང་བྱས་པ་ཚང་མ་ནི་ས་གཞི་དེ་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་བརྟན་པོ་ཞིག་རེད།
“1996ལོར་ཟོག་འདྲེན་དུས་དུ་བསྐྱོད་སྐབས་ས་དམ་ནས་འབའ་ལུང་བར་གྱི་ལམ་བར་དུ་མང་ཤོས་ལ་རླངས་འཁོར་10ལས་འཕྲད་མེད། ངས་ས་དམ་ནས་སྣུམ་ཞལ་ལམ་བུ་ཐེངས་དང་པོ་མཐོང་བས། ཉིན་ཞིག་འབའ་ལུང་ནས་ཀྱང་ལམ་འདི་འདྲ་ཞིག་མཐོང་ཐུབ་པར་བསམ་ཡུལ་ལས་འདས་པ་ཞིག་རེད། ལོ་ངོ་10ལྷག་ཙམ་རིང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་བྱེད་མྱོང་བའི་ལི་ཆང་གིས་དེ་ལྟར་བཤད།
“དེ་སྔོན་འབའ་ལུང་ནས་ས་དམ་བར་ཉིན་གཉིས་འགོར་གྱི་ཡོད། ཁུན་མིང་དེ་བས་འགྲོ་ཁག་པོ་ཡོད། རྒྱུན་ཚིགས་རླངས་འཁོར་ལ་བསྡད་ན་ཉིན་ལྔ་དྲུག་འགོར་གྱི་ཡོད”ཅེས་འབའ་ལུང་རྫོང་མི་རིགས་གྱོན་ཆས་བཟོ་གྲྭའི་དེ་སྔའི་ཁྲང་ཀྲང་ལུའོ་ཉིང་གིས་བཤད།
འབའ་ལུང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་བཟོ་བཀོད་པ་ཀྲའོ་ཆིའུ་ཧྭ་དང་ལམ་གྱི་ལས་དབང་ལི་ཆང་དང་ལུའོ་ཉིང་ལས་ཀྱང་ཟབ། 1995ལོར་ལས་ཀར་ཞུགས་པའི་ཁོང་ནི་ཆེས་ཐོག་མར་ཡན་ཝ་ལམ་གྱི་འཛིན་གྲྭར་ལམ་སྐྱོང་མཁན་ཞིག་ཡིན། 1998ལོའི་སྔོན་དུ་འབའ་ལུང་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྲིད་འཛིན་གྲོང་ཚོ་ཧ་ཅང་ཉུང་། མང་ཚོགས་ཀྱིས་དངོས་ཟོག་ཉོ་བར་ཚང་མ་རྟ་ལ་འགེལ་དགོས་པ་དང་རི་བརྒལ་ནས་འགྲོ་བ་ནི་རྒྱུན་ལས་རེད།
གྱུར་ལྡོན་ནི་གཞུང་ལམ་བཟོ་བ་ནས་འགོ་བརྩམས། 1993ལོར་འབའ་ལུང་ནས་ཐུང་ཏེན་ལམ་བཟོ་བའི་དུས་མཚམས་གཉིས་པའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། 2001ལོར་ལས་འགོ་ཚུགས་པའི་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་དེ་2002ལོར་རླངས་འཁོར་ཁག་གཅིག་ཤར་གཏོང་ཐུབ་པ། 2003ལོར་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་སྟེ། ལམ་ངོས་ནག་པོ་དེ་རི་ཁུལ་དུ་ཐེངས་དང་པོར་ཕྱེ་བ། 2017ལོར་འབའ་ལུང་ནས་ཐུང་ཏེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གསར་པ་བསྐྲུན་འགོ་ཚུགས་ཤིང་། 2021ལོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་དེ་སྔོན་གྱི་ཆུ་ཚོད་5དང་ཕྱེད་ཀ་ནས་ཆུ་ཚོད་1དང་ཕྱེད་ཀ་བར་ཐུང་དུ་ཕྱིན་ཡོད་ཞེས་ཀྲའོ་ཆིའུ་ཧྭ་ཡིས་དེ་ལྟར་བཤད།
ལོ་40ཡི་ཆར་རླུང་ཁྲོད་འབའ་ལུང་ཀྱི་ལམ་བུ་དེ“འགྲོ་ཐུབ”ནས“ཡག་པོ་འགྲོ་ཐུབ”བར་དང་།“གཅིག་ལ་གཅིག་འབྲེལ”ནས“མགྱོགས་པོ་རྒྱུག་ཐུབ”བར། འཁོར་ལོ་འཁོར་པ་ནི་རྐང་འོག་གི་ལམ་བུ་ཡིན་པ་མ་ཟད། ད་དུང་འབའ་ལུང་བའི་མཐོང་དཀོན་པ་ནས་སྒོ་དབྱེ་དང་དབུལ་པོ་ནས་ཕྱུག་པོ་ཆགས་པའི་བར་གྱི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཀྱང་རེད།