རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
2024ལོར་ཁུལ་ཚན་རིག་མཐུན་ཚོགས་ཀྱིས“ཚན་རིག་ཁྱབ་གདལ་གྱིས་འཇོན་ཐང་འཕེལ་བ་དང་། འགྲན་བསྡུར་གྱིས་འཇོན་ཐང་ཆེ་རུ་འགྲོ་བ། དགེ་རྒན་གྱིས་འཇོན་ཐང་ཆེ་རུ་འགྲོ་བ”བཅས་ལྟེ་བར་བྱས་ཏེ་བྱེད་ཐབས་རབ་དང་རིམ་པ་ཏན་ཏིག་དང་གསར་གཏོད་ལག་ལེན་བྱས་པ་བརྒྱུད་རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཚན་རིག་ལ་དགའ་ཞེན་དང་། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་ལ་ཁྲིད་སྟོན་བྱས་ཏེ་ཚན་རིག་གི་སྙིང་སྟོབས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།
ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པ་དང་ཚན་རྩལ་ས་བོན་ས་མཐོའི་སློབ་རར་བཏབ་ཡོད། 2024ལོར་ཁུལ་ཚན་རིག་མཐུན་ཚོགས་ཀྱིས་ཕྱོགས་མང་པོའི་ཐད་ཀྱི་སྟོབས་ཤུགས་མཉམ་འགུལ་བྱས་ཏེ་ཚན་རིག་ཁྱབ་གདལ་གྱི་འགྲེམས་དངོས་ཀྱིས་ཁེངས་པའི་ཚན་རིག་ཁྱབ་གདལ་གྱི་རླངས་འཁོར་སྤྱད་དེ་ཚན་རྩལ་གྱི་གསོལ་སྟོན་གཟབ་རྒྱས་གཞོན་ནུ་ལོ་ཆུང་གི་ཉེ་འགྲམ་དུ་བཤམས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཚན་རིག་གི་སྤྲོ་སྣང་འཕེལ་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་བ་རེད། ཟླ་5པར“ཡུན་ནན་གྱི་ཚན་རིག་ཁྱབ་གདལ་ས་མཐོར་སྐྱོད་པའི”བྱེད་སྒོ་དེ་སློབ་གྲྭ་3དུ་སྤེལ་བས། སློབ་མ་1000ལྷག་ཙམ་གྱིས་འགྲེམས་དངོས་འགྲེམས་སྟོན་དང་མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཚན་རིག་གི་སྤྲོ་སྣང་འཕེལ་བ་དང་། ཟླ་9པར་ཁེབས་ཡོད་རླངས་འཁོར་ཆེ་གྲས་6མཉམ་འབྲེལ་བྱ་སྤྱོད་དེ་བྱེད་སྒོ་སྤེལ་ཡུལ་མང་ཚོགས་3000ལྷག་ཙམ་ལ་ཁྱབ་པ་དང་། ཚན་རིག་ཁྱབ་གདལ་གྱི་འགྲེམས་དངོས་2300ལྷག་ཙམ་དང་དྲིལ་བསྒྲགས་དེབ་3000ལྷག་ཙམ་སྤྲད་པ། འཕྲུལ་ཁྱིའི་འཁྲབ་སྟོན་དང་། VRམྱོང་རོལ་མིག་ཤེལ། ལུའུ་པན་ཟྭ། ཁེངས་ཡོད་རླངས་འཁོར་འགྲེམས་སྟོན་ཡོ་བྱད་སོགས་སློབ་མ་ཚོར་ཚན་རྩལ་གྱི་ངོ་མཚར་ཆེ་བའི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་ཚོར་བྱེད་དུ་བཅུག་ནས་སྤྲོ་སྣང་ཁྲོད་ཚན་རིག་གི་ཤེས་བྱའི་འཚོ་བཅུད་བསྡུ་ལེན་བྱས་པ་རེད།
དགེ་རྒན་སྐྱེད་སྲིང་མཉམ་འགྲོ་དང་ཆེད་ལས་སྟོབས་ཤུགས་ཀྱིས་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ། ཚན་རྩལ་སློབ་གསོའི“དགེ་འོས་ཀྱི་འགག་དོན་”སེལ་བའི་ཆེད་དུ། རང་ཁུལ་གྱིས་ “རང་སའི་གསོ་སྦྱོང་+ཕྱིར་སྐྱོད་ཞིབ་འཇུག་སློབ་སྦྱོང”གི་རྣམ་པའི་ཐོག་ནས་ཚན་རྩལ་དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ་དང་ཚན་རིག་སློབ་གསོའི་སྣོན་རྩིས་ཡག་པོ་བྱེད་ཀྱི་ཡོད། ཁུལ་ཚན་རིག་མཐུན་ཚོགས་ཀྱིས་ཁུལ་སློབ་རྩལ་ཅུས་དང་མཉམ་འབྲེལ་ཐོག་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། གཞོན་ནུ་ལོ་ཆུང་གི་གསར་གཏོད་འགྲན་བསྡུར་ཆེ་མོའི་ཁ་བྱང་འདེམས་པ་དང་། གཞོན་ནུ་ལོ་ཆུང་གི་མིས་བཟོས་རིག་ནུས་འཕྲུལ་མི། མི་མེད་གནམ་གྲུའི་འཕེལ་རྒྱས་བཀོལ་སྤྱོད་དང་དེ་བཞིན་ཞིབ་ཕྲའི་བཀོལ་སྤྱོད་སོགས་ཀྱི་ཆེད་དོན་ཤེས་བྱར་དམིགས་ཏེ་“འཆད་ཁྲིད་+ལག་ལེན+ཉམས་མྱོང”བཅས་ཟུང་འབྲེལ་བྱེད་པའི་བྱེད་སྟངས་ཐོག་ནས་དགེ་རྒན་55ལ་ནུས་པ་འདོན་པ་དང་འབྲེལ་དགེ་རྒན་12ནན་ཅིང་དང་ཁུན་མིང་དུ་ཆེད་ལས་གསོ་སྦྱོང་ནང་ཞུགས་རྒྱུར་བསྐྱལ་བ་དང་། མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་ཤེས་བྱ་གསར་སྒྱུར་བྱས་ཏེ་དགེ་རྒན་ལ་ཟུར་ནས་ལྟ་མཁན་ནས་སྣེ་ཁྲིད་པར་འགྱུར་བ་བྱས་ཏེ་ཚན་རྩལ་སློབ་གསོ་ཆེད་ལས་ཀྱི་སྒུལ་ནུས་སྣོན་ཡོད།
འགྲན་བསྡུར་མ་ལག་གི་རིམ་པ་མང་བས། ཁུལ་གྱི་འགྲན་སྡུར་ནས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་བར་གྲུབ་འབྲས་ཡང་ཡང་ཐོབ་ཡོད། རང་ཁུལ་གྱིས“ཁུལ་གྱི་འགྲན་བསྡུར་དམག་སྦྱོང་དང་། ཞིང་ཆེན་གྱི་འགྲན་བསྡུར་སྤུས་ཚད་མཐོར་གཏོང་། རྒྱལ་ཁབ་གྱི་འགྲན་བསྡུར་ཚད་བརྒལ”བཅས་འགྲན་བསྡུར་གྱི་ལྕགས་ཐག་བཙུགས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁུལ་ནང་གི་སྐབས་དང་པོའི་འཕྲུལ་ཆས་མི་དང་མི་མེད་གནམ་གྲུའི་འགྲན་བསྡུར་ནང་བདམས་ཐོན་པ་བརྒྱ་ཕྲག་ཁ་ཤས་ཀྱི་ཡིད་དབང་བཀུག་པ་དང་། རྣམ་གྲངས་ཆེ་གྲས་5ཡི་ནང་ནས་བྱ་དགའ་157བྱུང་སྟེ་གཞོན་ནུ་ལོ་ཆུང་གི་རྩལ་འགྲན་སྤྲོ་སེམས་འཕེལ་བ། སྐབས་38པའི་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་དངུལ8དང་ཟངས་15རག་ཡོད། འབའ་ལུང་མི་རིགས་སློབ་ཆུང་གི་ཞ་ཅིན་ཧྭ་དགེ་རྒན་གྱི་བརྩམས་ཆོས་ནང་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་ཤོག་བུ་བཟོ་རྩལ་དང་ཐོན་ཁུངས་ཚུར་བསྡུ་ཟུང་འབྲེལ་བྱས་ཏེ་སྐབས་38པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོའི་ཚན་རྩལ་གསར་གཏོད་སློབ་གསོའི་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། སེམས་ཀྱི་ཉི་ཟླ་རྒྱལ་ཐང་སློབ་ཆུང་གི་སློབ་གྲོགས་དབྱང་ཡས་ཧན་གྱིས་“2024ལོའི་ཀྲུང་གོའི་མཁའ་འགྲུལ་ཚན་རིག་ཁྱབ་གདལ་ཚོགས་ཆེན་དང་སྐབས་བརྒྱད་པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མི་མེད་གནམ་གྲུའི་འགྲན་བསྡུར་ཆེ་མོའི”ནང་ཞུགས་ནས་མི་སྒེར་གྱི་འཕུར་སྐྱོད་འགྲན་བསྡུར་སློབ་ཆུང་གི་ཚོགས་ཆུང་གཉིས་པའི་བྱ་དགའ་ཐོབ་སྟེ་བདེ་ཆེན་གྱི་ཁྱབ་ཁོངས་དེའི་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་གྲུབ་འབྲས་ཡག་ཤོས་བཏོད་ཡོད།