རང་ཁུལ་གྱིས་ཀྲུང་གོ་ཚན་རིག་ཁང་གི་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་དང་བཞུཊ་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། རང་ཁུལ་གྱིས་ཀྲུང་གོའི་ཚན་རིག་ཁང་གི་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས།ཕྱོགས་གཉིས་ཀྱིས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོར་འདེགས་གཏོང་བར་དམིགས་ནས་སྤེལ་རེས་ཟབ་མོ་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཀྲུང་གོ་ཚན་རིག་ཁང་གི་ནན་ཅིང་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་སུའོ་ཀྲང་གཞོན་པ་ཀྲང་ཡུན་ལིན་བཞུགས་མོལ་ཚོགས་འདུར་ཞུགས་པ།

    ཚོགས་འདུའི་ཐོག་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོར་གཏོང་ལས་དོན་སྤེལ་ཚུལ་ངོ་སྤྲོད་ལ་གསན་པ་དང་།ཀྲུང་གོ་ཚན་རིག་ཁང་གི་ནན་ཅིང་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚོས་རིམ་པ་བཞིན་གཏམ་བཤད་གནང་ནས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་གཏད་ཇུས་གྲོས་འགོ་བཏོན་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་ས་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་བ་རེད། ཀྲུང་གོ་ཚན་རིག་ཁང་གི་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གིས་འབབ་རྒྱུད་ཆུང་བའི་བཅོས་སྐྱོང་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་།ཚན་རྩལ་གྱི་ཤུགས་དངོས་དང་ཆེད་ལས་ཀྱི་སྟོབས་ཤུགས་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་།ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཁོར་ཡུག་གཞི་གྲངས་དང་སྦགས་བཙོག་འབྱུང་ཁུངས་གཙོ་བོར་རྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ།ས་གནས་ལ་ཚན་རིག་དང་མཐུན་ཞིང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ཇུས་གཞི་འདོན་སྤྲོད་བྱ་དགོས་པའི་རེ་བ་བཏོན་པ་རེད།    ཁུལ་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ།འབྲེལ་ཡོད་བཅོས་སྐྱོང་ལས་གཞི་ཇུས་འགོད་ཐུམ་སྒྲིལ་ཡག་པོ་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ནགས་ཕག་མཚོའི་ཆུའི་བཅོས་སྐྱོང་དང་ནགས་ཕག་མཚོའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཟུང་འབྲེལ་དམ་ཚགས་དང་ཞིབ་ཚགས་ཅན་གྱི་མཛེས་ལྗོངས་དོ་དམ་དང་ལས་གྲྭའི་རྣམ་གྲངས་བཅོས་སྐྱོང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གང་ཐུབ་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཁེ་ཡོང་བར་བྱ་དགོས།

    ཀྲང་ཡུན་ལིན་གྱིས་བསྟན་དོན།ནགས་ཕག་མཚོའི་བཅོས་སྐྱོང་ནི་རྙོག་འཛིང་ཆེ་བའི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པ་དང་།ཀྲུང་གོ་ཚན་རིག་ཁང་གི་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གིས་ནགས་ཕག་མཚོའི་འབབ་རྒྱུད་ལ་ཕྱོགས་ཡོངས་ནས་རྨང་གཞིའི་བརྟག་དཔྱད་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱས་ཏེ།བརྟག་དཔྱད་ཞིབ་འཇུག་དང་བརྟག་དཔྱད་ཏན་ཏིག་བྱས་པའི་རྨང་གཞིའི་ཐོག་འཆར་འགོད་མ་ལག་བཅོས་སྐྱོང་གི་ཇུས་གཞི་ཇུས་འགོད་བྱས་ཡོད།  ཞིབ་འཇུག་ཁང་གིས་ལག་ལེན་ཉམས་མྱོང་གིས་ནགས་ཕག་མཚོའི་སྲུང་སྐྱོང་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཏེ།བདེ་ཆེན་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རམ་འདེགས་བྱ་རྒྱུ།

    ཁྲེན་ཆུན་དང་ཧོང་ལུང་ཞིན། ལི་ཐའོ།  ཏུང་ནན་སློབ་ཆེན་ཐཱན་སྙོམ་ཚན་རྩལ་ཞིབ་འཇུག་ཁང་། ཧྲང་ཧའེ་དབྱི་ཕེང་འགྲིམ་འགྲུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།