རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར། བདེ་ཆེན་ཁུལ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ཕྱིར་སྐྱོད་ནང་སྦྱོང་སྒྲིག་འཛུགས་ནན་པོ་བྱས་ཏེ་དངོས་འཐབ་ཅན་གྱི་ཚད་གཞིའི་ཐོག་ནས་འབྲུབ་འགོག་དམག་གྲབས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།
ནང་སྦྱོང་དེ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་པའི་རྒྱབ་ལྗོངས་སུ་བྱས་ཏེ་ཉེན་རྟོག་གནས་ཚུལ་འབྱོར་རྗེས་དཔུང་སྡེས་འཕྲལ་དུ་ཆུ་ཁོངས་རོགས་སྐྱོབ་ཀྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཞིང་། གཅིག་སྡུད་རྟགས་ཅན་གློ་བུར་དུ་གྲགས་པ་དང་སྦྲགས་བཀོད་འཐབ་པ་ཡོངས་ཀྱིས་བཀའ་འབྱོར་འཕྲལ་བྱ་སྤྱོད་སྤེལ་ནས་སྒར་ཁུལ་གྱི་གནས་ཁག་ནས་དམིགས་འཛུགས་ས་ཁོངས་སུ་གང་མགྱོགས་གཅིག་སྡུད་བྱས་ཏེ་ཚོར་སྣང་སྐྱེན་པའི་ནུས་པ་ཞིག་མངོན་ཡོད་པ་རེད།
ནང་སྦྱོང་ནང་དངོས་འཐབ་ཀྱི་དགོས་མཁོར་དམ་པོར་དམིགས་ནས་ཁེར་ཆགས་གླིང་ཕྲན་གྱི་རོགས་སྐྱོབ་དང་མགྱོགས་མྱུར་རོགས་སྐྱོབ་སོགས་དངོས་འཐབ་ཅན་གྱི་རྣམ་གྲངས་བཀོད་སྒྲིག་བྱས་པ་མ་ཟད། ཆུ་སྐྱོན་སེལ་བ་དང་རླངས་འཁོར་ཉེན་ཁ་མྱུར་སེལ་དང་བཞུར་ཚད་ཆེ་བའི་འཁྱིལ་ཆུ་བཤང་བ་སོགས་ཆེད་ལས་སྒྲིག་ཆས་ཀྱི་དངོས་སྤྱོད་སྦྱོང་བརྡར་ཡང་བྱས་པ་དང་། ཆུ་ཁོངས་རོགས་སྐྱོབ་ཀྱི་དཔེ་མཚོན་རྣམ་པ་དང་འགག་རྩའི་ལག་རྩལ་གྱི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ཁྱབ་ཡོད། ནང་སྦྱོང་བྱེད་རིང་ལྷུ་ཚིགས་ཁག་འབྲེལ་མཐུད་དམ་ཟབ་དང་། རོགས་སྐྱོབ་སྒྲིག་ཆས་བཀོལ་སྤྱོད་ཚད་ལྡན་དང་འཐབ་རྩལ་གང་ལ་གང་འཚམ་སྤྱོད་པ། བཀོད་འཐབ་པ་བཅས་ཀྱིས་ཆུ་ཁོངས་རོགས་སྐྱོབ་ཀྱི་བདེ་འཇགས་ཚད་གཞི་ལ་བརྩི་སྲུང་ནན་པོ་ཞུ་བ། རོགས་སྐྱོབ་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་པ། “ཆུར་ལྷུང་བའི་མི་སྣར”རོགས་སྐྱོབ་སོགས་དངོས་འཐབ་ཅན་གྱི་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ། རྙོག་འཛིང་ཆེ་བའི་ཆུ་ཁོངས་ཀྱི་ཁོར་ཡུག་འོག་དཔུང་སྡེའི་མཉམ་སྡེབ་དམག་འཐབ་བྱེད་ནུས་ལ་ཞིབ་བཤེར་ནུས་ལྡན་བྱས་པ་རེད།
གོམ་སྟབས་རྗེས་མར་རུ་ཆེན་དེས་དངོས་སྦྱོང་གྲུབ་འབྲས་གཞན་སྒྱུར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཆུ་ཁོངས་རོགས་སྐྱོབ་སྟོབས་ཤུགས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་ཆུ་ཁོངས་སྣ་ཚོགས་ཀྱི་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་གཅོག་པའི་དཔུང་ཁག་གི་ཆེད་ལས་བཀོད་སྒྲིག་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་རེད།