རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་ལས་བཟོའི་གཞི་རྩའི་སྨན་བཅོས་སྒོ་བསྟེན་སྨན་ཁང་གི་མཉམ་སྐྱོར་འགན་ལེན་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྨན་བཅོས་འགན་ལེན་སྲིད་ཇུས་ཀྱི་མ་ལག་ལེགས་སུ་བཏང་བ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་ཐོབ་ཐང་མཐོ་རུ་བཏང་བ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་ཁེ་སྤོགས་ཀྱིས་འགན་བཅོལ་ནང་ཞུགས་མཁན་ཚང་མར་རྒྱུན་མཐུད་ངང་ཕན་པ་ཐོབ་རྒྱུའི་འགན་ལེན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ལས་བཟོའི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྒོ་བསྟེན་སྨན་ཁང་གི་དཀའ་ངལ་སེལ་རོགས་བྱེད་པའི་སྒྱུར་བཅོས་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། སྒོ་བསྟེན་སྨན་ཁང་དཀྱུས་མའི་གཏོང་སྤྲོད་ཚད་གཞི་དམའ་རུ་ཕྱིན་པ་དེས་འགན་བཅོལ་ནང་ཞུགས་མཁན་དེ་བས་མང་བར་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་དངོས་ཕན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གཏོང་སྤྲོད་བཅད་གྲངས་མཐོ་རུ་ཕྱིན་པ་དེས་ནད་ཆེན་དང་གཅོང་ནད་ཕོག་པའི་ནད་པར་དཔལ་འབྱོར་གྱི་རྒྱབ་སྐྱོར་སྔར་བས་ནུས་ལྡན་བྱས་ཡོད། ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཏོང་སྤྲོད་བསྡུར་གྲངས་མཐོ་རུ་ཕྱིན་པ་དེས་རྒན་རྒོན་ཚོགས་སྤྱིའི་ཐུགས་ཁུར་དང་ལྟ་རྟོག་གང་ལེགས་མཚོན་ཡོད། ལེགས་སྒྲིག་དེ་དག་གིས་སྒོ་བསྟེན་འགན་ལེན་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།
ད་ཐེངས་ཀྱི་སྒྱུར་བཅོས་ཀྱི་སྲོག་ཤིང་ནི་སྒོ་བསྟེན་སྨན་ཁང་དཀྱུས་མའི་འགྲོ་གྲོན་སྤྱི་འདོམས་འགན་ལེན་ལམ་སྲོལ་བཙུགས་ནས་སྒོ་བསྟེན་སྨན་ཁང་དཀྱུས་མའི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་དང་ཆབས་ཅིག་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ལེགས་སྒྲིག་ཡག་པོ་བྱས་ཡོད། སྒྱུར་བཅོས་བྱས་རྗེས་མི་སྒེར་གྱི་རྩིས་ཐོའི་བེད་སྤྱོད་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་དང་། དེའི་ནང་ཁྱིམ་ཚང་གི་ཁོངས་མིར་ཁྱབ་ནས་སྨན་བཅོས་འགན་བཅོལ་གྱི་ཐོན་ཁུངས་ཁྱིམ་ཚང་གིས་མཉམ་སྤྱོད་བྱས་ཏེ་དེ་སྔའི་མི་སྒེར་གྱི་རྩིས་ཐོའི“ནད་ཡོད་པ་མི་འདང་བ་དང་ནད་མེད་པ་སྤྱོད་མི་ཐུབ་པའི”དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད།
མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་པའི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གིས་གཅིག་གྱུར་ཐོག་རྩིས་ཞུ་བྱེད་ཚད་མི་ཐེངས་43551ཟིན་པ་དང་། རིམ་རྩིས་བརྒྱབ་ན་སྨན་བཅོས་ཀྱི་ཁུར་པོ་སྒོར་ཁྲི་274.06ཡང་དུ་བཏང་བ་དང་ཆབས་ཅིག་མི་སྒེར་གྱི་རྩིས་ཐོའི་མཉམ་སྐྱོར་ཐད་དང་ལེན་ཧུར་ཐག་བྱས་པ་དང་། ལས་བཟོ་པ་ཁྲི་1ལྷག་ཙམ་དང་ཁྱིམ་མིའི་དབར་གྲུབ་འབྲས་ཐོན་པའི་ངང་འབྲེལ་མཐུད་བྱས་པ། སྒོ་བསྟེན་སྨན་བཅོས་ཀྱི་མཉམ་སྐྱེལ་རྩིས་ཐོའི་ཐད་ཀྱི་གཏོང་སྒོ་མི་ཐེངས་48477ཟིན་ནས་མཉམ་འགུལ་འགྲོ་གྲོན་སྒོར་ཁྲི་699.02བཏང་ཡོད་པ་རེད།
སྒོ་བསྟེན་སྨན་བཅོས་ཀྱི་དཀའ་ངལ་མཉམ་སེལ་བསྒྱུར་བཅོས་དང་། ལས་བཟོ་པའི་སྤྱིར་བཏང་གི་སྒོ་བསྟེན་སྨན་རིན་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ནང་བཅུག་ནས་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཆེས་ཆེར་བཏང་བ་དང་། མི་སྒེར་གྱི་རྩིས་ཐོའི་བཀོལ་སྤྱོད་ཁྱབ་ཁོངས་དེ་ཁྱིམ་ཚང་གི་ཁོངས་མིར་རྒྱ་སྐྱེད་བཏང་ནས་ཁྱིམ་ཚང་གི་དཀའ་ངལ་མཉམ་སེལ། སྨན་བཅོས་འགན་བཅོལ་གྱི་ཐོན་ཁུངས་བེད་སྤྱོད་ཕན་འབྲས་ཆེ་རུ་བཏང་ཡོད། “སྨན་ཁང་དུ་ཞག་སྡོད་བྱེད་པ”དང་། “ནད་ཆུང་སྨན་ཁང་དུ་ཞག་སྡོད་བྱེད་པ”སོགས་ལུགས་མཐུན་མིན་པའི་སྨན་བཅོས་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱས་པ་དང་།“སྨན་ཁང་དུ་སྡོད་དཀའ་བའི་”གནད་དོན་ཞི་ལྷོད་དུ་བཏང་བ་དང་། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་ནས་སྨན་ཁང་ཆེ་གྲས་ཀྱི་ནད་ཁྲིའི་ཐོན་ཁུངས་དེ་དངོས་གནས་དགོས་མཁོ་ཡོད་པའི་ནད་ཚབས་ལྕི་བའི་ནད་པར་བགོ་བཤའ་སྔར་བས་ལུགས་མཐུན་བརྒྱབ་ཡོད།