ཁུལ་ཨུའི་ཡིག་སྐུར་ངོ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་2025ལོའི་ཚང་འཛོམས་(རྒྱ་སྐྱེད)ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་ཆར། ཁུལ་ཨུའི་ཡིག་སྐུར་ངོ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་2025ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད།  

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཞུང་ཝུན་པིན་གྱིས་ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བའི་གནས་ཚུལ་དང་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཡིག་སྐུར་ངོ་བཅར་ཡིག་ཆ་རྩིས་སྤྲོད་བྱས་པའི་ཐག་གཅོད་གནས་ཚུལ་བརྡ་ཁྱབ་གནང་།  ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་པའོ་ཡུས་ཏུང་གིས་ཚོགས་འདུའི་གཙོ་སྐྱོང་གནང་བ་དང་རྫོང་གསུམ་(གྲོང་ཁྱེར)དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་སྙན་ཞུའི་གཏམ་བཤད་གནང་བ་རེད།  

ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཁུར་ནས《ཡིག་སྐུར་ངོ་བཅར་ལས་དོན་སྐོར་གྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ། ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས། ཡིག་སྐུར་ངོ་བཅར་གནད་དོན་གྱི་འབྱུང་ཁུངས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཡིག་སྐུར་ངོ་བཅར་ལས་སྒོ་སྔར་བས་ཚད་ལྡན་དང་གོ་རིམ་ལྡན་པ་དང་། ལས་དོན་ཧྲིལ་པོའི་རྣམ་པ་བཟང་པོ་མངོན་ཡོད་ཅེས་བསྟན་ཡོད།  

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ནས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་ནུས་ཤུགས་གཅིག་སྡུད་བྱས་ནས་གྱོད་གཞི་ཐག་གཅོད་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་དོན་དག་གི་བརྒྱུད་རིམ་ཧྲིལ་པོ་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་གོ་རིམ་ཚད་ལྡན་དང་གོ་རིམ་ལྡན་པ་དང་། དངོས་ཚན་ཐག་གཅོད་གནད་ལ་འཁེལ་བར་བྱ་དགོས།  འགན་འཁྲིའི་འབྲེལ་ཐག་དམ་པོར་དམ་འཛིན་བྱས་ཏེ། ལྟ་སྐུལ་ནུས་ལྡན་དང་གནད་ལ་འཁེལ་བའི་འགན་འཁྲི་བདའ་འདེད་བྱས་ཏེ། ཡིག་སྐུར་ངོ་བཅར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།  ཁྲིམས་ལྟར་གོ་རིམ་ལྟར་བྱ་བ་སྒྲུབ་པ་མཐའ་འཁྱོངས་དང་ཕྱོགས་གཉིས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་བ། ཡིག་སྐུར་ངོ་བཅར་གྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་བཏང་སྟེ། “དོན་འཁྱོལ་གསུམ་དང་ཐག་གཅོད་གཅིག་”གི་ལས་ཀའི་བླང་བྱ་གཞིར་བཟུང་ནས་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་རྩིས་སྤྲོད་བྱས་པའི་ཡིག་སྐུར་ངོ་བཅར་ཡིག་ཆ་རེ་རེ་དོན་འཁྱོལ་དང་ལེགས་པར་སྒྲུབ་པ་དང་།  ཕྱོགས་ཡོང་ནས་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ནན་མོ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད།