འབྲོག་རར་རྩྭ་ཆུ་འཛོམས་ཤིང་ནོར་ལ་ཤ་ཤེད་རྒྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཤོག  ཤོག   འདི་ནི་འབྲུ་ཤ་དག་མ་རེད་ཅེས་ཡུལ་སྐོར་བར་ངོ་སྤྲོད་གནང་མཁན་ནི་བོད་རིགས་ལས་གཏོད་གཞོན་ནུ་མ་ལྷ་མོ་གཡང་འཛོམས་རེད། ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་གི་བེ་ཤ་འཐུ་བའི་དུས་ཆེན་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏིང་ཞུང་ཐེན་ཁྲེང་ལུན་ཀྲུའུ་གསོ་སྤེལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་པ་ལྷ་མོ་གཡང་འཛོམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་གདན་འདྲེན་ཞུས་ནས་འབྲུ་ཤའི་ཤ་སྐམ་གྱི་བྲོ་བ་མྱོང་དུ་བཅུག་ཡོད།   སེམས་ཀྱི་ཉི་ཟླའི་འབྲུ་ཤའི་བྲོ་བ་ཞིམ་ཞིང་དྲི་ཞིམ་ཁྱད་པར་ལྡན་པ་དང་སྤྲི་དཀར་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩི་དམའ་བའི་ཟས་རིགས་ཤིག་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ངོས་འཛིན་ཡང་ཐོབ་ཡོད་ཟེར། 

ལྷ་མོ་གཡང་འཛོམས་ཀྱིས་ས་གནས་དེ་གའི་འབྲུ་གཡག་གི་རིགས་རྒྱུད་སྲུང་སྐྱོང་ཡག་པོ་བྱེད་ཆེད། ཀུང་སི་དེས་འབྲུ་གཡག་ནི་ཁྱུ་6ལ་བགོས་ནས་གསོ་ཚགས་བྱས་པ་དང་། ཁྱུ་རེར་འབྲུ་མོ་25དང་གཡག་2ཡོད་པ་མ་ཟད།  འབྲུ་གཡག་རེ་རེ་དང་གསར་དུ་སྐྱེས་པའི་འབྲུ་གཡག་རེ་རེའི་གྲངས་གཞི་ཞིབ་ཕྲ་ཐོ་འགོད་བྱས་ཏེ། རིགས་རྒྱུད་བཟང་ཞིང་གཟུགས་སྟོབས་ཆེ་བའི་འབྲུ་གུ་གསོ་སྐྱོང་བྱས་ནས་རིགས་རྒྱུད་གཙང་མ་དང་རྒྱུ་ལེགས་པོ་ཡོང་བར་ཁག་ཐེག་བྱས་ཡོད། ཀུང་སི་དེ་ནི་མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱུད་འཛིན་ཐོན་ཁུངས་སོན་སྲུང་བཟོ་གྲྭ་ཁོ་ན་དེ་ཡིན་པ་དང་ས་གནས་དེ་གའི་འབྲུ་གཡག་500ལྷག་ཙམ་གསོ་ར་ཉར་ཡོད་པས་ས་གནས་དེ་གའི་འབྲུ་གཡག་གཞི་ཁྱོན་ཅན་གྱི་གསོ་སྤེལ་མངོན་འགྱུར་བྱུང་བ་མ་ཟད།  སྐད་ཚགས་ཤང་དང་། རྒྱལ་ཐང་གྲོང་རྡར།  ཡང་ཐང་གྲོང་རྡལ་བཅས་ཀྱི་འབྲུ་གཡག་གསོ་སྤེལ་དུད་ཚང་500ལྷག་ཙམ་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།

ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ས་མཐོའི་རྩྭ་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་བཏང་བ་དང་གསོ་སྤེལ་གཞི་ཁྱོན་རྒྱ་ཆེར་གཏོང་གི་ཡོད་པ་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེ་སར་གསོ་སྤེལ་དང་ས་བབ་དམའ་བའི་ཐོག་རྒྱགས་གསོ་བྱེད་པ་སོགས་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱ་ཐབས་སྤྱད་དེ་འབྲུ་གཡག་ལ་རྩམ་པ་དང་གྲོ་བོ་སོགས་འཚོ་བཅུད་འདུས་པའི་ལྗང་མདོག་ཟས་རིགས་བྱིན་ནས་གསོ་སྐྱོང་བྱས་ཏེ་རྒྱགས་གསོ་འཁོར་ཡུན་ནང་འབྲུ་ཤའི་ཉིན་རེའི་ལྗིད་ཚད་འཕར་བའི་དམིགས་ཚད་མཐོ་རུ་བཏང་ནས་གསོ་སྐྱོང་དུས་ཡུན་ཐུང་དུ་བཏང་ཡོད། འབྲོག་པའི་གསོ་སྤེལ་ལག་རྩལ་གསར་བཅོས་ཧུར་ཐག་བྱས་ཏེ། དེ་སྔོན་གྱི་ཕྱུགས་སྐྱེལ་བྱེད་སྟངས་རྐྱང་རྐྱང་དེ་རིམ་བཞིན་ཆེད་ལས་ཅན་དང་། ཚད་གཞི་ཅན། ཐོན་ལས་ཅན་བཅས་ཀྱི་གསོ་སྤེལ་དུ་བསྒྱུར་ཡོད།  

གཞན་ཡང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འབྲུ་གཡག་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་འབྲུ་གཡག་གི་ཤ་གསར་བ་བཙོང་བ་ཕུད། ད་དུང་འབྲུ་གཡག་གི་ཤ་སྐམ་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། འབྲུ་གཡག་གི་ཤ་སྐམ་དེ་དག་ཚང་མ་ང་ཚོ་རང་ཉིད་ཀྱིས་བཟོས་པ་ཡིན་ཞིང་། ཁ་ཚ་དང་ཙེ་རན། དྲི་ཞིམ་ལྔ་འདུས་སོགས་བྲོ་བ་སྣ་ཚོགས་ཡོད།   ང་ཚོས་ད་དུང་འབྲུ་གཡག་གི་ཤ་ཚལ་སྣ་ཚོགས་བཟོས་ནས་གྲོང་མི་དང་ཡུལ་སྐོར་བའི་ཟོག་ཅོག་སྟེང་གི་ཟས་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད”ཅེས་ལྷ་མོ་གཡང་འཛོམས་ཀྱིས་འདི་ལྟར་ངོ་སྤྲོད་གནང་བྱུང་།