རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར། ཁུལ་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཡུན་ནན་ཞིང་ཆེན་གྱི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་ལས་དོན་ལས་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་ཁུལ་གྱི་ཐོན་ལས་བསྒྱུར་བཅོས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་བསྡོམས་བྱས་ནས་གོམ་རིམ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་དང་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཡུང་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར། རང་ཁུལ་ནི་སྲིད་ཇུས་རྩེག་སྣོན་གྱི་གོ་སྐབས་དུས་སྐབས་དང་། ཡུན་རིང་བརྟན་བརླིང་གི་སྐུལ་འདེད་དུས་ཚོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་བཅས་སུ་གནས་ཡོད། སྲིད་ཇུས་དང་གནས་བབ་ཀྱི་འགྱུར་ལྡོག་གི་མདུན་དུ་ཤེས་བྱ་ཅན་དང་། ལག་རྩལ་རྣམ་པ། གསར་གཏོད་ཅན་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་དེ་བས་དགོས་པ་རེད། རྫོང་(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོན་སྐྱེད་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་ཏན་ཏིག་ཇེ་ཆེར་གཏོང་དགོས། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བསྒྱུར་བཅོས་གཏིང་ཟབ་དང་དངོས་པོར་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་ལ་དམིགས་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཁྲོད་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་དང་། རྩལ་ནུས་མཐོར་འདེགས་གཏོང་བའི་ཁྲོད་བྱང་ཚད་མཐོ་བའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་པ། ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཐོན་ལས་བཟོ་པའི་གོ་གནས་མཐོ་རུ་གཏོང་བ། ཕྱོགས་བསྡོམས་དང་བསྐྱར་བཤེར་ཁྲོད་དུ“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ཐོན་ལས་བསྒྱུར་བཅོས་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་པ། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་བསྒྱུར་བཅོས་ལས་དོན་གྱི་མཉམ་སྡེབ་སྟོབས་ཆེན་གཅིག་སྡུད་བྱས་ཏེ། “མིག་མངས་རོལ་རྩེད་གཅིག་གི་”བསམ་བློ་བཙུགས་ནས་ལོ་མཇུག་གི་ཞིབ་བཤེར་བསུ་བའི་གྲ་སྒྲིག་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཚོགས་འདུའི་ཐོག་འབའ་ལུང་རྫོང་དང་། ཁུལ་བཟོ་ལས་ཆ་འཕྲིན་ཅུས། ཁུལ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཅུས། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྤེལ་རེས་གཏམ་བཤད་གནང་།