སེམས་ཀྱི་ཉི་ཟླ་འཕུར་ས་གླིང་ཁུལ་ལུའུ་ཏེན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་དུ་བཙུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་ཡུན་ནན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་དང་ཡུན་ནན་ལུའུ་ཏེན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དབར་གན་རྒྱ་བཞག་ནས་སེམས་ཀྱི་ཉི་ཟླའི“འཕུར་ས”གླིང་ཁུལ་ལུའུ་ཏེན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་དུ་གནས་པ་གསལ་ཐག་བྱས་ཡོད།  

རྣམ་གྲངས་དེ་ནི་ཡུན་ནན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱི་ས་ཁོངས་ལས་བརྒལ་བའི་མཉམ་ལས་མཉམ་འགུལ་གྱི“འཕུར་ས”གླིང་ཁུལ་འཛུགས་སྐྲུན་རྣམ་གྲངས་དང་པོ་དེ་ཡིན་པ་རེད།  རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཡུན་ནན་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱིས་ས་གནས་ཀྱི་ཐོན་ལས་ཁྱད་ཆོས་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་གནད་ཐོག་“ཡུན་ནན་གྱི་ཐོན་རྫས་ཡུན་ནན་ནས་ཕྱིར་གཏོང་དང་ ཡུན་ནན་གྱི་ཐོན་རྫས་ཧྲང་ཧའེ་རུ་འཇུག་པ”ཡི་དམིགས་ཚད་ལ་དམིགས་ཏེ་གྲངས་འཛིན་རིག་ནུས་ཅན་གྱི་གཉེར་སྐྱོང་སྟེགས་བུ་བསྐྲུན་ནས་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཏེ་དཔེར་ན་ས་མཐོའི་ཞིང་ལས་ཐོན་རྫས་དང་། སྐྱེ་དངོས་ཐོན་རྫས། རིག་གནས་ཡུལ་སྐོར་ཐོན་རྫས་སོགས་ཁུན་མིང་དཔལ་འབྱོར་འཕེལ་རྒྱས་ཁུལ་གྱི་ཐོན་ལས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ཆགས་ནས་ཐོན་ལས་ཐེག་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེ་རེད།

ཧྲང་ཧའེ་དང་ཡུན་ནན་གྱི“16+16”གཙོ་གནད་ཐོན་ལས་གླིང་ཁུལ་མཉམ་ལས་ཐུན་མོང་འཛུགས་ལས་སྟེགས་མཉམ་ལས་འཕེལ་རྒྱས་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་སེམས་ཀྱི་ཉི་ཟླའི“འཕུར་ས”གླིང་ཁུལ་དེ་ལུའུ་ཏེན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་ཁྱེར་གྱི་ཐོག་ཁང་23དུ་འདེམས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་4846.19ཡོད་པ་རེད།  གླིང་ཁུལ་དེའི་འཆར་འགོད་འཛུགས་སྐྲུན་དེ་གཉེར་སྐྱོང་སྟེགས་བུ་དང་། ཐོན་ལས་སློབ་སྐྱེར། ཚོང་འགུག་མ་དངུལ་འདྲེན་འགུག་བཅས་ཀྱི་ལས་དོན་གྱི་དགོས་མཁོ་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  རྣམ་གྲངས་དེ་འཐུས་ཚང་ངང་གཉེར་སྐྱོང་བྱས་རྗེས་ཚན་རྩལ་མཐོ་བའི་ཁེ་ལས་20ཡན་ཞུགས་རྒྱུའི་ཡིད་དབང་འགུག་ཐུབ་པ་དང་ལས་ཞུགས་ལས་གནས་150གསར་དུ་བསྣན་ཐུབ། གསོ་སྐྱོང་ལས་སྟེགས་བརྒྱུད་ས་གནས་དེ་གའི་ཁེ་ལས་ཀྱིས་གཉེར་སྐྱོང་བར་མཐོངས་རྒྱ་བསྐྱེད་པ་དང་ཁྲོམ་ར་རྒྱ་བསྐྱེད་པར་རོགས་རམ་བྱས་ནས་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཐུབ། 

གསོ་སྐྱོང་ལས་སྟེགས་ཀྱི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་། ཆེད་ལས་ཀྱི་ཚོང་འགུག་གཉེར་སྐྱོང་ལག་བསྟར། མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། ཡུན་ནན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་དང་ཨེ་ཤེ་ཡ་དངུལ་ཁང་ཡོན་ཐ་ཆ་འཕྲིན་ཐོན་ལས(ཡུན་ནན་)ཚད་ཡོད་ཀུང་སི་གཉིས་ཀྱིས་ཚོང་འགུག་གཉེར་སྐྱོང་མངགས་བཅོལ་མཉམ་ལས་གྲོས་མཐུན་བཞག་ནས་ཆེད་ལས་ཚོགས་པ་ནང་འདྲེན་བྱས་ཏེ“འཕུར་ས”གླིང་ཁུལ་གྱི་ཚོང་འགུག་གཉེར་སྐྱོང་འགན་འཁུར་དུ་བཅུག་ཡོད།   བྱེད་ཐབས་དེས་ཧྲང་ཧའེ་དང་ཡུན་ནན་གྱི“16+16”གཙོ་གནད་ཐོན་ལས་གླིང་ཁུལ་མཉམ་ལས་མཉམ་སྐྲུན་ལས་སྟེགས་ལ་བརྟེན་ནས་ཤར་རྒྱུད་ཀྱི་ཐོན་ལས་ཐོན་ཁུངས་དང་གྲངས་གཞི་ཅན་གྱི་རིག་ནུས་ཞབས་ཞུའི་ཚོང་པ་བསྡུ་སྒྲིལ་བྱས་ནས་གླིང་ཁུལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་རེད། 

ས་ཁོངས་ལས་བརྒལ་བའི་མཉམ་ལས་བྱེད་སྟངས་སྤྱད་དེ་གླིང་ཁུལ་འདིས་2025ལོའི་དུས་ཚིགས་གསུམ་པར་འཆར་འགོད་འཛུགས་སྐྲུན་དངོས་སུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།  འབྱུང་འགྱུར་“སྤྱི་ཁྱབ་ས་ཚིགས་ནི་ཁུན་མིང་དུ་ཡོད་པ་དང་། ཐོན་སྐྱེད་ནི་ཁུལ་དང་ས་གནས་སུ་ཡོད་པ།   ཁྲོམ་ར་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་ཡོད་པ་བཅས་ཀྱི་ཐོན་ལས་སྦྲེལ་ཐག་བཙུགས་ནས་ཁུན་མིང་དང་བདེ་ཆེན་སོགས་ཁུལ་དང་གྲོང་ཁྱེར་གྱི་ཐོན་ཁུངས་ཕན་ཚུན་གསབ་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  རྣམ་གྲངས་དེ་ཡུན་ནན་ཞིང་ཆེན་གྱི་ས་ཁོངས་ལས་བརྒལ་བའི་མཉམ་ལས་ཀྱི་དཔེ་སྟོན་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུར་གཞོལ་ནས་ཧྲང་ཧའེ་དང་ཡུན་ནན་གྱི་ཐོན་ལས་མཉམ་ལས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་འཆར་ཡོད།