རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་98འཁོར་ལ་ཉེ་བའི་སྐབས། ཟླ་7པའི་ཚེས་30ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་པའི་འགོ་ཁྲིད་ཚན་པ་བཞི་སྣེ་ཁྲིད་དེ་བཅའ་སྡོད་སྦྱོང་བརྡར་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་ཞུས་བ་མ་ཟད། “བརྒྱད·གཅིག” དམག་དོན་ཉིན་མོའི་བྱེད་སྒོར་ཞུགས་ཤིང་།དཔོན་དམག་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
ཀྲང་ཝེ་ཏུང་དང་། མིའོ་ཡིའུ་ཧྥ་བྱེད་སྒོར་ཞུགས།
བྱེད་སྒོའི་ཁྲོད། ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་དང་བཅས་པས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚབ་བྱས་ནས་བཅའ་སྡོད་སྦྱོང་བརྡར་དང་བདེ་ཆེན་དུ་བཅའ་སྡོད་བྱེད་ཡོད་པའི་དམག་དཔུང་གི་དཔོན་དམག་གིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ཆེད་བཞག་པའི་བྱས་རྗེས་གལ་ཆེན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་བ་དང་བླ་ན་མེད་པའི་གུས་བཀུར་ཞུས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་འཚམས་འདྲིའི་ཁྲོད་བསྟན་དོན། དུས་ཡུན་རིང་པོའི་ནང་། བདེ་ཆེན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བརྟན་སྲུང་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཡོད། གསོ་རླུང་དཀོན་ཀྱང་སྙིང་སྟོབས་མི་ཉུང་བ་དང་། དཀའ་སྡུག་ཆེ་ཡང་དཀའ་སྤྱད་ལ་མི་སྐྲག་པ་ཞེས་པའི་འགྱུར་མེད་སྙིང་སྟོབས་ལ་བརྟེན་ནས་དམག་སྦྱོང་དང་དམག་གྲ་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཉེན་སེལ་གུད་སྐྱོབ་དུ་བསྐྱོད་པ། གྲོང་གསེབ་དར་རྒྱས་ནང་ཞུགས་པ་སོགས་ཛ་དྲག་དང་ཉེན་ཁ་ལྗིད་པའི་ལས་འགན་ཁྲོད་མདུན་དུ་གདོང་མཆོང་བྱེད་དེ་བདེ་ཆེན་གྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་དང་། དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ལས་བརྩོན་བདེ་འཁོད། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་ཡོང་བ་བཅས་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། མིག་སྔར་བདེ་ཆེན་ནི་སྲིད་ཇུས་རིམ་བརྩེགས་ཀྱི་གོ་སྐབས་དུས་སྐབས་དང་། ཡུན་རིང་བདེ་འགོད་ཀྱི་སྐུལ་འདེད་དུས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འགྱུར་བའི་དུས་སྐབས་བཅས་སུ་གནས་ཡོད་པས་ལས་འགན་དང་ཉེན་ཁའི་འགྲན་སློང་གལ་ཆེན་མང་པོ་འཕྲད་ཡོད། དཔོན་དམག་ཡོངས་ཀྱིས་མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་དམག་དོན་ལས་འགན་ལེགས་འགྲུབ་བྱུང་བའི་དུས་མཚུངས་སུ་ས་གནས་བར་བློ་སེམས་གཅིག་མཐུན་དང་དཔུང་པ་མཉམ་གཤིབ་འབད་འཐབ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། གྲོང་གསེབ་དར་རྒྱས། ཆ་སྒྲིག་རོགས་རམ་སོགས་ཀྱི་ཐད་ཧུར་ཐག་བྱ་སྤྱོད་སྤེལ་ནས་དམག་དམངས་ཀྱི་ཉ་ཆུའི་མཛའ་གྲོགས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་བཞིན་བདེ་ཆེན་དུ་བཅའ་སྡོད་དཔུང་སྡེའི་རྒྱབ་རྟེན་བརྟན་པོ་བྱས་ནས་དམག་དཔུང་གི་དམག་སྦྱོང་དང་དམག་འཁྲུག་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱ་རྒྱུ་དང་། རྒྱུན་མཐུད་གྱིས་དམག་སྲིད་དང་དམག་དམངས་ཀྱི་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་ལས་མངའ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་། མཉམ་འདྲེས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། བདེ་ཆེན་གྱི་གཉིས་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་ཡིན།
ཀྲང་ཝེ་ཏུང་གིས་བསྟན་དོན། བཅའ་སྡོད་སྦྱོང་བརྡར་དམག་དཔུང་གི་དཔོན་དམག་གིས་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་སྦྱོང་བརྡར་ར་བར་རྔུལ་ཆུ་བཞུར་ནས་རྙོག་འཛིང་ཆེ་བའི་ས་དབྱིབས་ཁྲོད་འགན་སྲུང་གི་དཀའ་ངལ་སྦྱོང་བརྡར་བྱས་ཏེ“གསོ་རླུང་དཀོན་ཀྱང་སྙིང་སྟོབས་མི་ཉུང་བའི”འཐབ་འཛིང་གི་བློ་སྟོབས་ཐོག་ནས་དུས་རབས་གསར་པའི་དམག་མིའི་ལྕགས་ཁྲག་གི་འགན་འཁྲི་མངོན་ཡོད། བདེ་ཆེན་ཁུལ་གྱིས་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུ་དང་། དམག་དཔུང་གི་དགོས་མཁོ་དེ་བཀའ་རྒྱ་དུ་བརྩི་རྒྱུ་དང་དམག་དཔུང་གི་དཀའ་ངལ་དེ་འགན་འཁྲི་དུ་བརྩིས་ནས་དཔོན་དམག་ཚོར་ས་མཐོའི་སྦྱོང་བརྡར་དང་འགོག་སྲུང་བཅའ་སྡོད་བྱེད་རིང་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་ཡིན།
འཚམས་འདྲི་བྱེད་རིང་། ཁུལ་གྱི་འགོ་ཁྲིད་དང་བཅས་པས་ས་གནས་ས་ཐོག་ཏུ་དམག་དཔུང་གི་སྦྱོང་བརྡར་དང་འཚོ་བའི་སྒྲིག་བཀོད་ལ་ལྟ་ཞིབ་བྱས་པ་དང་། དཔོན་དམག་སྦྱོང་བརྡར་དང་འགོག་སྲུང་དུ་བཅའ་སྡོད་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། དམག་དཔུང་གི་སྦྱོང་བརྡར་གསལ་སྟོན་ལ་ལྟ་སྐོར་བྱས་པ་དང་། དཔོན་དམག་ཚོ་ལ་དུས་ཆེན་གྱི་འཚམས་འདྲི་དངོས་རྫས་དང་བཀྲ་ཤིས་སྨོན་འདུན་ཕུལ་ཡོད།དཔོན་དམག་ཚོར་སྐུལ་མ་ཐེབས་ནས་ས་གནས་ཏང་ཨུ་དང་སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཁུར་དང་བརྩེ་དུང་ཟབ་མོ་དེ་དམག་སྦྱོང་དང་དམག་གྲ་སྒྲིག་གི་སྒུལ་ཤུགས་སྟོབས་ཆེན་དུ་གྱུར་ཡོད་པ་དང། རྒྱལ་ཁ་ཐོབ་པའི་ནུས་པ་སྦྱོང་བརྡར་ཧུར་ཐག་བྱེད་པ་དང་འགན་འཁྲི་ལག་བསྟར་སྒྲུབ་པ་ལ་ལྷག་བསམ་རྣམ་དག་བྱེད་དེ་བདེ་ཆེན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་འཚམས་འདྲི་དང་“བརྒྱད·གཅིག”དམག་དོན་ཉིན་མོའི་བྱེད་སྒོར་ཞུགས་པ་རེད།