རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-30   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་29ཉིན། བདེ་ཆེན་ཁུལ་གྱིས་སྦྲག་སྲིད་་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་ཡུས་ཧྲན་ཧོ་མེ་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་སྟེ་སྤེལ་རེས་གཏིང་ཟབ་བྱས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་། སྦྲག་སྲིད་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཧང་ཀྲང་ཀྲང་ཡུང་ཀང་། ཡུས་ཧྲན་ཧོ་མེ་ཚོགས་པའི་ལས་འཛིན་པ་ཆིའུ་ཝེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཀྲང་ཝེ་ཏུང་གིས་སྦྲག་སྲིད་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་སྦྲག་སྲིད་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་རྩའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་ཁུལ་ཐོན་ལས་བཀོད་པར་དམིགས་པ་དང་ལྷག་པར་དུ་སེམས་ཀྱི་ཉི་ཟླའི་དངོས་ལྗོངས་འཁྲབ་སྟོན་ཆེ་གྲས་དང་ལེ་ལག་ཚང་བའི་རྣམ་གྲངས་སོགས་ཁུལ་ཡོངས་ཀྱི་རྣམ་གྲངས་གལ་ཆེན་ལ་དམིགས་ནས་སྣ་མང་ཅན་གྱི་དངུལ་རྩའི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན། ཁོང་གིས་བསྟན་དོན། བདེ་ཆེན་ཁུལ་གྱིས་སྦྲག་གསོག་དངུལ་ཁང་ས་གནས་སུ་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་པོས་མཉམ་ལས་ཟབ་ཏུ་བཏང་སྟེ་བདེ་ཆེན་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞན་ཆ་མཉམ་སེལ་བྱས་ཏེ་ཐོན་ཁུངས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཞེས་བསྟན་པ་དང་། ཡུས་ཧྲན་ཧོ་མེ་ཚོགས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་བཀོད་སྒྲིག་གཅིག་གྱུར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས། རྣམ་གྲངས་དུས་བཀག་བཞིན་སྤུས་ཚད་འགན་ལེན་ངང་འཁོར་སྐྱོད་གཉེར་སྐྱོང་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།
ཆིའུ་ཝེ་ཡིས་བསྟན་དོན། ཡུས་ཧྲན་ཧོ་མེ་ཚོགས་པས་ལྷུ་ཚིགས་གོ་རིམ་ལྡོག་སྒྲིག་དང་། འགན་འཁྲི་ཁ་གསལ། དོན་འཁྱོལ་ཤུགས་ཆེན་བཅས་བྱས་ཏེ་སྦྲག་སྲིད་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་དངུལ་བུན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སེམས་ཀྱི་ཉི་ཟླའི་དངོས་ལྗོངས་འཁྲབ་སྟོན་ཆེ་གྲས་དང་ལེ་ལག་ཚང་བའི་རྣམ་གྲངས་ཀྱི་ལས་འགན་ཁག་ནུས་ཆེ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས་ནས་དུས་བཀག་ལྟར་འཁྲབ་སྟོན་བྱ་རྒྱུར་ཆ་རྐྱེན་བསྐྲུན་རྒྱུ་ཞེས་བཤད།
དབྱང་ཞུའེ་ཝུན། ཧོང་ལུང་ཞིན། ལིན་ཧའོ། སྦྲག་སྲིད་དངུལ་གསོག་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན། ཧང་ཀྲང་གཞོན་པ་པའེ་ཆིན་ཡོན་བཞུགས་མོལ་ཚོགས་འདུར་ཞུགས།