རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་28ཉིན། ཁུལ་ཡོངས་ཀྱིས་ཚོང་འགུག་དངུལ་འདྲེན་ལས་ཀའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡུན་ནན་དུ་རྟོག་དཔྱད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་ཚོང་འགུག་སྒོ་འབྱེད་མགྱོགས་སུ་གཏོང་བའི་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་པ། རང་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ལས་ཀའི་གནས་བབ་དབྱེ་ཞིབ་བྱས་པ་དང་། ལས་ཀའི་ནུས་ཤུགས་མཉམ་འདོན་བྱེད་དེ་ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་ཚོང་འགུག་དངུལ་འདྲེན་དམ་འཛིན་དང་ཚོང་གཉེར་ཁོར་ཡུག་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཚོང་འགུག་དངུལ་འདྲེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་པ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས་པ་མ་ཟད་ལས་ཀ་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་2025ལོའི་ལོ་སྟོད་ཀྱི་ཚོང་འགུག་དངུལ་འདྲེན་དམིགས་འབེན་ལེགས་འགྲུབ་བྱུང་ཚད་བརྡ་ཁྱབ་བཏང་བ་དང་། ཐོན་ལས་ཁག་གི་ཚོང་འགུག་ཚོ་ཆུང་དང་། རྫོང་(གྲོང་ཁྱེར)ཁག་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚོང་འགུག་དངུལ་འདྲེན་ནི་དཔལ་འབྱོར་ལས་དོན་གྱི་འཛིན་ས་དང་པོ་ཡིན་པ་དང་། ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡང་ཡིན། ཚོང་འགུག་དངུལ་འདྲེན་ལས་ཀ་ལ་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། “འཕེལ་རྒྱས་དམ་འཛིན་བྱེད་དགོས་ན་ངེས་པར་དུ་ཚོང་འགུག་དམ་འཛིན་བྱེད་དགོས་པའི་”འདུ་ཤེས་བརྟན་པོ་འཛུགས་དགོས། ཆད་སྐྱོན་དང་ཞན་ཆ་གསལ་པོར་ངོས་འཛིན་བྱེད་པ་དང་དོན་འཁྱོལ་བྱེད་ཐབས་ཆེ་རུ་བཏང་ནས་ཚོང་འགུག་དངུལ་འདྲེན་ལས་ཀ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྲིད་ཇུས་ཀྱི་རོགས་སྐྱོར་དང་ཞབས་ཞུ་ལེགས་སྒྱུར། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ད་ཡོད་ཁེ་ལས་ཀྱི་སྤུས་འབྲས་ལེགས་གཏོང་ལ་རྒྱབ་སྐྱོར་བྱེད་དེ་གསོག་ཚད་ཆེ་རུ་དང་ལེགས་སུ་གཏོང་དགོས་པ་མ་ཟད། ཚོང་འགུག་དངུལ་འདྲེན་ལ་དམ་འཛིན་ཆེན་པོ་བྱེད་དེ་ཁྲོམ་རའི་བྱེད་པོ་གསར་པ་གསོ་སྐྱོང་དང་ནང་འདྲེན་བྱས་ནས་འཕར་ཚད་ཆེ་རུ་གཏོང་དགོས། ཁྲོམ་རའི་གོ་སྐབས་དམ་འཛིན་བྱེད་དེ་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ནང་ལ་འདྲེན་དགོས་པ་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་སྒྱུར་བྱེད་དེ་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་ནས་རྣམ་གྲངས་དོན་དུ་འཁྱོལ་བར་རོགས་རམ་བྱེད་དགོས། རང་ཁུལ་གྱི་ཐོན་ཁུངས་ཀྱི་སྐྱེས་ཐོབ་དང་ཐོན་ལས་ཀྱི་ད་ལྟའི་གནས་ཚུལ་ལ་གཞི་ཚུགས་ཏེ་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ཤུགས་འདོན་བྱེད་དགོས་པ་དང་། རིག་གནས་དང་ཡུལ་སྐོར། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས། འབྱུང་འཕྲོད་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་སྦྲེལ་ཐག་གསབ་པ། སྦྲེལ་ཐག་ཤུགས་ཆེར་གཏོང་བར་དམིགས་ནས་རྣམ་གྲངས་འཆར་འགོད་བྱེད་དེ་གནད་ལ་འཁེལ་བའི་ཚོང་འགུག་དང་ཕན་འབྲས་མཐོ་རུ་འདེགས་དགོས། ཚོང་འགུག་དངུལ་འདྲེན་དང་དམངས་འཚོ་བྱ་གཞག་འཕེལ་རྒྱས་ཀྱི་མཉམ་འདྲེས་གཏིང་ཟབ་གཏོང་དགོས་པ་དང་། སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་དགོས་མཁོ་ལ་དམ་པོར་དམིགས་ནས་ཚོང་འགུག་བྱེད་དེ་མང་ཚོགས་དེ་བས་ཐད་ཀ་དང་དེ་བས་དངོས་གནས་ཀྱི་ཐོབ་སྣང་ཡོད་དུ་བཅུག་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོང་འགུག་དངུལ་འདྲེན་ཁྲོད་ཀྱི་འགན་འཁྲི་དང་གནས་ངེས་ཁ་གསལ་བཟོ་དགོས་པ་དང་རང་འགུལ་ངང་ཚོང་འགུག་དངུལ་འདྲེན་གྱི་འགན་འཁྲི་བརྟན་པོར་འཁུར་ནས་ཚོང་འགུག་གི་མཉམ་ཤུགས་སྔར་ལས་ལྷག་པར་གོང་བུར་འགྲིལ་དགོས། ཁུལ་ཡོངས་གོང་འོག་གིས་“མི་ཚང་མ་ཚོང་འགུག་པ་ཡིན་པ་དང་མི་ཚང་མ་ཚོང་འགུག་ཁོར་ཡུག་ཡིན་པའི་”འདུ་ཤེས་འཛུགས་དགོས་པ་དང་ཁུལ་ཡོངས་སུ་ཚོང་འགུག་དངུལ་འདྲེན་གྱི་སྣང་ཚུལ་ཟབ་མོ་ཆགས་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་ལ་དམ་འཛིན་ཆེན་པོ་དང་རྣམ་གྲངས་ལ་དམ་འཛིན་ཆེན་པོ། ཚོང་འགུག་ལ་དམ་འཛིན་ཆེན་པོ་ཡི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། “ཚོང་ཅི་འགུག་”དང་“ཚོང་ཇི་ལྟར་འགུག་”གི་འགག་རྩའི་གནད་དོན་ལ་དམིགས་པ་དང་རང་ས་གནས་ཀྱི་ཐོན་ཁུངས་ཀྱི་སྐྱེས་ཐོབ་དང་ཐོན་ལས་ཀྱི་རྨང་གཞི་ལ་གཞི་ཚུགས་ནས་རང་ཉིད་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ་དང་ཁྲོམ་རའི་དགོས་མཁོ་དང་འཕེལ་ཕྱོགས་ཤད་དེ་གཙོ་གནད་ཀྱི་ཚོང་འགུག་ཁྱབ་ཁོངས་དང་འབད་བརྩོན་བྱེད་ཕྱོགས་སྔར་ལས་ལྷག་པར་གསལ་པོ་བཟོ་དགོས། གནད་ལ་འཁེལ་བའི་ཁྲིད་ཕྱོགས་དང་ཞབས་ཞུའི་འདུ་ཤེས་ཚོང་འགུག་དངུལ་འདྲེན་གྱི་གོ་རིམ་ཧྲིལ་པོར་བརྒྱུད་དགོས་ཏེ་རྣམ་གྲངས་འཆར་འགོད་དང་འབྲེལ་སྦྱོར་གྲོས་མོལ་ནས་གན་རྒྱ་འཇོག་པ་དང་དོན་དུ་འཁྱོལ་བའི་བར་སྦྲེལ་ཐག་ཡོངས་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་། ཚོང་འགུག་རྣམ་གྲངས་ཀྱི་གན་རྒྱ་འཇོག་ཚད་དང་དོན་དུ་འཁྱོལ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ལས་ཀ་ལ་ཚད་བརྒལ་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་དེ་བརྙན་ལམ་གྱི་ཚུལ་ནས་རྫོང་(གྲོང་ཁྱེར་)ཁག་ཏུ་འཚོགས་པ་དང་། ཁྲེན་ཆོན་དང་། ཧོང་ལུང་ཞིན། ཧུའུ་ཧྥེ་ཞུང་། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཝན་ཏན་ཆིང་། ཀྲོང་ཞའོ་ཕིང་སོ་སོ་ཁུལ་རིམ་པའི་ཚོགས་ར་གཙོ་བོ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཚོགས་ར་ཁག་ཏུ་ཞུགས་པ་རེད།