ལུའོ་ཁྲའོ་ཧྥེང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་མཛུབ་ཁྲིད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་མཛུབ་ཁྲིད་གནང་སྐབས་ནན་བཤད་གནང་དོན།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དམིགས་བསལ་གྱི་གནས་བབ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་དོན་གལ་ཆེན་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གྱོད་གཞི་དཔྱད་གཞིར་འཛིན་པ་དང་། གྱོད་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། གྱོད་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྱོད་གཞིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའི་འགོ་ཁྲིད་ཚན་ཁག་གིས་ལྟ་སྡུར་ཞིབ་བཤེར་གྱི་གཏམ་བཤད་དང་ཕན་ཚུན་སྐྱོན་བརྗོད་བྱས་པ་དང་། ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དཔྱད་བརྗོད་བྱས་པ།

    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཡིས་ཆབ་སྲིད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་དེ་ཚན་ཁག་འཛུགས་སྐྱོང་དང་ལས་བྱེད་པ་ཡོངས་ཀྱི་ལས་དོན་ཁྲོད་དོན་འཁྱོལ་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།  ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་གཙོ་བོ་དམ་འཛིན་ཏན་ཏིག་བྱས་ཏེ། འགྲིམ་འགྲུལ་ཁྱབ་ཁོངས་སུ་གནད་དོན་ཐོན་པའི་རྒྱུ་རྐྱེན་ལ་བསམ་ཞིབ་ཟབ་མོ་བྱས་ནས། ཧྲུའུ་ཅིའི་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་འགན་འཁྲི་དང་ཚན་པའི་ཁོངས་མིའི་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཏེ། རུལ་སུངས་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས།  ཚན་ཁག་སྟོབས་ཆེར་གཏོང་བ་དང་དཔུང་ཁག་སྣེ་ཁྲིད་ཀྱིས་འགོ་ཁྲིད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་སྲིད་ཇུས་སློབ་སྦྱོང་གི་ནུས་པ་དང་། རྣམ་གྲངས་ཇུས་འགོད་ཀྱི་ནུས་པ། མཐུན་སྦྱོར་གྱི་ནུས་པ། ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་བཅས་ཆེ་རུ་གཏོང་བ་དང་། གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ། རྣམ་གྲངས་ཇུས་འགོད་ནན་ཏན་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཐའ་མའི་གདུང་རྩོད་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་མ་དཔེ་འདིང་བ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་མུ་མཐུད་ཟབ་སྤེལ་བྱས་ཏེ། “དེ་རིང་ཇི་ལྟར་འཕྱིས་རུང་སྔ་བ་དང་། སང་ཉིན་ཇི་ལྟར་སྔ་ཡང་འཕྱི་བའི”མཁོ་གནད་ཆེ་བའི་འདུ་ཤེས་དང་བྱ་སྤྱོད་སྤེལ་ཤུགས་ལ་བརྟེན་ནས་ལས་ཀའི་ཕན་ནུས་ཆེ་རུ་ཏན་ཏིག་བཏང་སྟེ། ལས་དོན་ཁག་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། ཚན་པའི་ཁོངས་མིས་སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་ནན་སྲུང་དང་། ཐོག་མཐའ་བར་གསུམ་དུ་གཅིག་པུར་རང་ཞིབ་དང་ཆུང་ཟོན་ཆུང་ཟོན་བྱས་ཏེ་རིག་པ་དྭངས་གསལ་གྱི་སྒོ་ནས་ལག་ཏུ་ཡོད་པའི་དབང་ཆ་ཡང་དག་པར་སྤྱོད་པ་དང་། ལངས་ཕྱོགས་བརྟན་པོའི་ཐོག་ནས་རུལ་སུངས་ཀྱི་བསླུ་བྲིད་སྣ་ཚོགས་རང་རྟོགས་ངང་བཀག་འགོག་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།  དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་འཚོལ་སྟོན་དང་དག་ཐེར་ཡོ་བསྲང་བྱེད་པར་དམ་འཛིན་ནན་ཏན་བྱས་ཏེ། དག་ཐེར་ཡོ་བསྲང་གི་ཕན་འབྲས་དེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་དགོས།སྒྲིག་ཁྲིམས་ཀྱི་གཞི་ཐིག་དང་། བདེ་འཇགས་ཀྱི་གཞི་ཐིག སྤྱོད་གཙང་གི་གཞི་ཐིག་བཅས་ནན་སྲུང་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་དེ་དམ་པོར་བཟུང་ནས་ལས་གྲྭའི་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་འབྲས་ཆེ་བ་དང་། དམངས་འཚོར་ཕན་པ། འཕེལ་རྒྱས་ནུས་ལྡན་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱས་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་དགོས།

    ལིན་ཧའོ་ཚོགས་འདུར་ཞུགས།