ནད་རྟགས་འདི་དག་བྱུང་ན་ངེས་པར་དུ་མཉམ་འཇོག་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        མིག་སྔར། རང་རྒྱལ་ནི་སྔར་བཞིན་ཆམ་རིམས་དུས་ཚིགས་རང་བཞིན་གྱི་མཆེད་དུས་སུ་གནས་ཡོད་ཅིང་། གཙོ་བོར་ཆམ་རིམས་ནད་དུག་H1N1ཀ་པ་དང་H3N2ཀ་པའི་ཕལ་རིགས་སོགས་ཚུད་ཡོད། ཆམ་རིམས་དང་ལྷག་པར་དུ་ཚེ་སྲོག་ལ་ཉེན་ཁ་ཐེབས་པའི་ཚབས་ཆེ་བའི་ཆམ་རིམས་ཇི་ལྟར་འགོག་བཅོས་བྱེད་དགོས་སམ། གཤམ་ལ་མཉམ་དུ་རྒྱུས་ལོན་ཞིག་བྱེད།

        མི་མི་འདྲ་བར་ཆམ་རིམས་འགོས་རྗེས་ཀྱི་ནད་རྟགས་མི་འདྲ་སྟེ། ནད་པ་མང་ཆེ་བར་ཚ་བ་རྒྱས་པ་དང་། གློ་ལུ་བ། མགོ་ན་བ་སོགས་ཀྱི་ནད་རྟགས་ཁོ་ན་ཙམ་ལས་མེད། སྤྱིར་བཏང་གི་ཆམ་ནད་དང་བསྡུར་ན། ཆམ་རིམས་ནད་པར་ཚ་བ་རྒྱས་སྐབས་ལུས་དྲོད་དེ་བས་མཐོ་བ་དང་། ནད་ན་བའི་དུས་ཡུན་དེ་བས་རིང་བ།ལུས་ཡོངས་ཀྱི་ནད་རྟགས་ཀྱང་དེ་བས་ཚབས་ཆེ་བ་བཅས་ཡིན། ནད་གཞི་ཚབས་ཆེ་རིགས་ལ་གློ་ཚད་ཚབས་ཆེན་དང་གློ་བུར་རང་བཞིན་གྱི་སྙིང་ཤའི་ཚ་ནད་སོགས་བསྡོངས་ནད་ཚབས་ཆེན་འབྱུང་སྲིད་ལ།ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད།

        རིགས་གཅིག་མཁས་ཅན་གྱིས་ཆམ་རིམས་ནད་ཕྲ་སྲིན་འགོས་པར་དོགས་ཟོན་བྱེད་དགོས་ཞེས་དྲན་སྐུལ་བྱས་པ།

        ནད་ཐོག་སྨན་བཅོས་ཁྲོད། ཕྲ་སྲིན་འདྲེས་ནས་གཉན་ཚད་རྒྱས་པ་ནི་རྒྱུན་དུ་ཆམ་རིམས་ཚབས་ཆེ་བའི་ནད་པའི་སྲོག་བཅོམ་པའི་གཏེ་བོ་དེ་ཡིན། རིགས་གཅིག་མཁས་ཅན་གྱིས་དམིགས་བསལ་མི་ཚོགས་ཀྱིས་དེ་བས་ཀྱང་ཕྲ་སྲིན་འགོས་པར་དོགས་ཟོན་བྱས་ནས་ནད་གཞི་ཚབས་ཆེ་རུ་མི་འགྱུར་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

        རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཏེ་དུས་ཐོག་ཏུ་ནད་དུག་འཕར་བར་བཀག་འགོག་མ་ཐུབ་ན། ཆམ་རིམས་ནད་དུག་འགོས་རྗེས་ཀྱི་ཉིན་5ནས་7བར། ནད་པར་ཕྲ་སྲིན་འགོས་པའི་ཚད་གཞི་དེ་10%ནས་30%བར་དུ་ཟིན་བཟོ་ཡོད། རྒྱུ་མཚན་ནི་ཆམ་རིམས་ནད་དུག་དེ་མིའི་ལུས་ཕུང་ནང་བཙན་འཛུལ་བྱས་རྗེས། ཁ་ཤས་ཀྱིས་གློ་བའི་འབྱར་སྐྱིའི་འགོག་སྲུང་བྱེད་ནུས་ལ་ཐད་ཀར་གནོད་པ་སྐྱེལ་བ་དང་། ཤི་འདྲུལ་རང་བཞིན་གྱི་གློ་ཚད་དང་གློ་བར་གནོད་པ་འབྱུང་སྲིད། དུས་མཚུངས་སུ་ཆམ་རིམས་ནད་དུག་འགོས་པ་དེས་མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་བཏང་སྟེ་ཕྲ་སྲིན་འགོ་བར་གོ་སྐབས་བསྐྲུན་ཡོད།  གལ་ཏེ་ནད་པས་ནད་དུག་འགོག་པའི་སྨན་བཅོས་བྱས་ནས་ཉིན་3ནས་5ཡི་རྗེས་སུ། ནད་རྟགས་ཇེ་ལེགས་སུ་སོང་མེད་པ་མ་ཟད། དེ་ལས་ལྡོག་སྟེ་མུ་མཐུད་དུ་ཇེ་སྡུག་ཏུ་ཕྱིན་ན། ཕྲ་སྲིན་འདྲེས་ནས་གཉན་ཚད་རྒྱས་ཡོད་མེད་ལ་དོགས་ཟོན་བྱེད་དགོས།

        པེ་ཅིང་ཞེ་ཧོ་སྨན་ཁང་གི་འབྱིན་རྔུབ་དང་ཉེན་ཁའི་ཆེ་བའི་ནད་རིགས་ཚབས་ཆེན་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཐེན་ཤིན་ལུན་གྱིས། ཆམ་རིམས་ལ་མཉམ་བྱུང་ནད་རོགས་འགའ་ཞིག་ཐོན་སྐབས།  ཚབས་ཆེ་བའི་ནད་རིགས་ལ་འགྱུར་བའི་ཉེན་ཁ་མངོན་གསལ་དོད་པོས་མཐོ་རུ་འགྲོ་སྲིད། ཆམ་རིམས་ཀྱིས་མ་གཞི་ནས་དབུགས་ལམ་གྱི་འབྱར་སྐྱིར་གནོད་སྐྱོན་གཏོང་གི་ཡོད་སྟབས། གལ་ཏེ་ཁྱོད་ལ་ཚ་བ་རྒྱས་པ་དང་། མགོ་ན་པ། ལུས་ཡོངས་ལ་ན་ཟུག་ལངས་པ་སོགས་ཆམ་རིམས་ཀྱི་ནད་རྟགས་བྱུང་བ་ལས་གཞན། ད་དུང་གློ་ལུ་བ་དང་། ལུད་པ་ལུ་བ།ལུད་པ་སེར་པོ་མང་བ། ལུད་པ་གར་པོ་མང་དུ་འགྲོ་བ་བཅས་ཀྱི་ནད་རྟགས་བྱུང་ན། ཕྲ་སྲིན་འགོས་ནད་འགོས་ཡོད་མེད་ལ་བརྟག་དཔྱད་བྱས་ཏེ་སྐྱེ་འགོག་རྒྱུའི་སྨན་བཅོས་བྱེད་སྟངས་བཀོལ་དགོས་མིན་ལ་བསམ་བློ་དགོས་ཞེས་བསྟན་ཡོད།